| | e-texts navigator
|
187b1 བབདུན་པའི་འུ་ན་བྱ་བཟླབ་ཅ་པ་།། དནས་འདུས་པ་བརྒྱགས་རྣམས་ལ།། གན་ག་སེམམ་ཅཐལ་པ་ལས།། རྩཝ་འདྲས་ཐབས་དཀྱ་ཤཱ་སྡུལ་པ།། ཡང་དགངས་དང་ཏུང་བལ།། མང་ཀྲུང་འབྱུང་བསམ་པ་ད་།། ཟླ་དང་ཇམ་ཐ་ར་བྱ
187b2 དང་བྱུང་རིག་པའི་ཆོས་ཉིད་ནི།། དཔེར་ན་ནོར་བུ་རིན་ཆེན་ལ།། དགོས་འདོད་འབྲས་བུ་རྡུས་གཅིག་རྫོགས།། དེ་བཞིན་ཆོས་སྔའི་ངེས་དོན་ལ།། རྟོགས་པ་ཙམ་གྱིས་ཡོན་ཏན་རྫོགས།། དེ་ཡང་འདུས་པའི་སྙིང་པ་ཉོན།། ཐེག་གཞན་ཆོས་ཀུན་རྒྱ་འབྲས་ཏེ།། ངས
187b3 མ་ཡིན་རིམ་གྱིས་ཚོལ།། རྩོལ་བསྒྲུབ་ཡོད་ཕྱིར་འཁོར་བའི་རྒྱུ།། གནས་སྐབས་བདེ་ཐོབ་མཐར་ཐུག་མེད།། རྒྱུ་འབྲས་བསྐྱེད་རིམ་གོ་ལ་བར་གསུངས།། དཔེར་ན་བྱས་པའི་རྫས་རྣམས་ཀུན།། མི་རྟག་མྱུར་དུ་འཇིག་པ་བཞིན།། ཆུ་རྐྱེན་བྱས་པའི་ཆོས་ཀུན་ནོར།། འབྲས
187b4 མི་འབྱུང་ཆུ་ཤིང་འདྲ།། ད་ཡང་འདུས་པའི་སྙིང་པོ་ཞོན།། བདེན་དོན་རྩིབ་མཛོར་བསྡུས་ན།། ཏཀྵ་ཀ་ཡི་རྒྱན་བཞིན་དུ།། རྒྱུ་འབྲས་མཐར་ཕྱིན་གཞི་ནས་རྫོགས།། དེ་བཞིན་མོས་སྤུའི་སྙིང་པོ་ལ།། བདེ་བའི་ཡོན་ཏན་དང་ལ་འཚར།། རྒྱ་འབྲས་གཅིག་ཕྱིར་ལྷན་གྱིས་ཐུབ།
187b5 རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། རྒྱ་འབྲས་དོན་གྱི་སྐབས་དབྱེ་བ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། བསྒོམ་དུ་ཡོད་མེད་སྐབས་དབྱེ་བ།། ཆེད་དུ་དགོངས་ཏེ་བཀའ་སྩལ་པ།། དེས་དོན་མ་ནོར་འཕྲད་འདོད་ན།། མ་བསྒོམས་སང
187b6 རྒྱས་དང་སྟེན།། རང་བྱུང་ཆོས་སྐུ་ལེ་ཡིན་ལ།། བྱང་ཆུབ་སྙིང་པོ་བསྒོམ་དུ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་རྗེའི་ཆོས་ཉིད་གདོད་ནས་དག། ཀུན་བཟང་ང་ཡི་ཡང་སྙིང་ཆུད།། མནོར་གདམས་པ། རྣམ་པ་ལྔས།། ཆགས་མེད་རང་སེམས་སྙིང་པོའི་དོན།། སྐལ་ལྡན
187b7 རྣམས་ཀྱིས་རྟོགས་པར་གྱིས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སངས་རྒྱས་དགོངས་པ་ཇི་ལྟ་བ།། སེམས་ཅད་བློ་མིས་རྟོགས་པའི་ཐབས།། དཔེས་མི་མཚོན་ཕྱིར་མ་བཤད་པར།། གདམས་ངག་བསྟན་པ་ཙམ་གྱིས་ནི།། མ་བསྒོནས་ད་ལྟ་ཉིད་དུ་ཡང་།། ངེས་དོ་རྟོགས་ཕྱིར་བསྒོམ
iiif viewer powered by OpenSeadragon
187a - 188a