| | e-texts navigator
|
187a1 ཕྱིར།། དངོས་སུ་སྣང་ཡང་དོན་དུ་མེད།། དེ་ཡུལ་འདི་ནི་གཏན་མེད་ལ།། རྨོངས་པ་ཀུན་གྱིས་དམ་པར་འཛིན།། ལག་པའི་རྗེས་སུ་འབྲང་བས་ལྟུང་།། སྨྲེ་འདྲའི་ལུང་གིས་བསླད་པ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་རིག་ཆོས་སྒྲ་ཡ
187a2 ཤེས་ལ།། མ་རིག་རྒྱན་བཞིས་མ་བསྐྱེད་པས།། ཀུན་གཞི་མེད་ཕྱིར་སེམས་ཀྱང་མེད།། ཡུལ་སེམས་གཉིས་ཀ་གཞི་ལ་མེད།། དེ་ཕྱིར་སེམས་མིན་ཆོས་སྲུལ།། རང་རིག་ཡེ་ཤེས་བློ་ལྡན་པས།། སྣང་བ་མེད་ཕྱིར་འཛིན་པ་བྲལ།། གསལ་ལ་འཛིན་མེད་མི་གཡོ་བ།། སངས
187a3 རྒྱས་ཀུན་གྱི་དགོངས་པར་བཤད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉེན།། རང་སྙེམས་ཡུལ་དུ་འཛིན་པའི་རྒྱུ།། འཁོར་བའི་ས་བོན་མ་རིག་པས།། རྒྱུ་རྐྱེན་བྱས་ནས་སྡུག་བསྔལ་འབྱུང་།། དེ་ཕྱིར་རང་འཁྲུལ་རྨོངས་པའི་སེམས།། གཟུང་འཛིན་བྱིང་རྒོད་ཞེན་པའི་ཆ།། ཡལ་ལ་བརྟེན
187a4 ནས་ཆགས་སྡང་སྐྱེ།། འཁོར་བའི་རྒྱུ་ནི་ཆགས་སྡང་གཉིས།། གཅིག་དང་མི་གཅིག་རྩོལ་བའི་བར།། འཁོར་བའི་མཐའ་ལ་ཟད་པ་མེད།། དེ་ཕྱིར་རང་རིག་དོན་རྟོགས་ནས།། སེམས་མེད་ཡུལ་འདི་ཅི་ལ་སྲིད།། དེ་བས་རང་སེམས་སྙིང་པོ་འདི།། སེམས་ཀྱི་ཡུལ་ལས་འདས
187a5 པའི་ཕྱིར།། གཅིག་དང་མི་གཅིག་བརྗོད་ཀྱི་བར།། མ་རིག་བློ་ལ་ཡུལ་སེམས་ཡོད།། ལོག་ལྟ་ཅན་རྣམས་དམ་པར་འཛིན།། དེ་ཕྱིར་སྒྲ་དང་མཚན་མའི་ཆོས། སྦྲེལ་འདྲའི་ལུང་གི་བློས་བཏགས་ནས།། ཡུལ་སེམས་རྩོལ་བའི་ཆོས་ཀུན་བྱུང་།། ངས་ལུང་མན་ངག་བསྟན་པ་ཡིས།། ཡང
187a6 དག་ངེས་པའི་སངས་རྒྱས་ལ།། རང་རིག་ཆོས་སྐུ་སེམས་དང་བྲལ།། དེ་ཕྱིར་ཡུལ་མེད་རིག་པ་ག་ཙོ།། ངའི་ལུང་གོ་བས་ཡུལ་སེམས་བརླག། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཡང་རྩ་བ་མདོར་བསྡུས་ན།། ཉི་ཤར་རྔན་ཟབ་མེད་པ་བཞིན།། རང་བྱུར་ཆོས་སྐུའི་དོན་རྟོགས་པས།།
187a7 གོལ་སྒྲིབ་ཡུལ་སེམས་གཞི་ནས་དག། དེ་ཕྱིར་རང་བྱུང་ཡེ་ཤེས་སྦ།། དུས་གསུམ་བཟོ་འགྱུར་མེད་པའི་ཕྱིར།། འཁྲུལ་མེད་ཡང་དག་མངོན་སངས་རྒྱས།། དེ་ཕྱིར་ངེས་དོན་རྟོགས་པས་ཆོག། རྫོགས་པ་ཆེན་པོ་དེས་དོན་འདུས་པ་ལས།། ཡུལ་སེམས་གཞི་ལ་སྐབས
iiif viewer powered by OpenSeadragon
186b - 187b