e-texts navigator
Collection
Volume
Page
Wylie

185a1 བྱས་ན་འབྲས་ས་འ་དྲག།། དབས་མས་པང་མདངའ།། པ་ས། ན་ད་།། ལ་ཛུས་ད་ན་བས་པསསས་སོ།། ། གགས་ནས་གརྒྱས་ར་འགྱུར། ག་ང་རྒ།
185a2 ཅིགཅིགས།། མ་ཡེངས་དོན་ལ་བསྒོམ་གྱུར་ན།། བདག་དོན་ཆོས་སུ་འགྲུབ་པར་འགྱུར།། ད་ཡང་འདྲས་པའི་སྙིང་པོ་ཏོན།། འབྲས་ཐ་བདག་དང་གཞན་དོན་ཅེས།། ཕྲན་སུམ་ཚོགས་པ་ཐོབ་པ་ནི།། འདི་ལས་ཐབས་ཆེན་ངེས་པའི་ལས།། ཆོས་ནི་གཞན་ན་ཡད་དཟང་།། ད་དག་ཀྱི
185a3 པའི་ཚོགས་བསགས་ཐབས།། སྙིང་རྗེ་ཆེན་པོས་གཞི་བཟུང་ནས།། ཐེག་པ་གཞན་དུ་ཞིབ་བསྟན་ཕྱིར།། དེས་དོན་སྐབས་སུངས་མ་བཤད།། ད་ཡང་རྔོན་སེམས་དཔའ་ཉོན།། གསང་སྔགས་ཀྱི་ནང་འདོད་པའི་གཞུང་།། ལམ་དང་འབྲས་བུའི་ཁྱད་པར་ནི།། ཐབས་དང་ཤེས་རབ་ཟང་འབྲེལ
185a4 ནས།། བདེ་བའི་ཡོན་ཏན་རྙེད་པར་འགྱུར།། འབྲས་བུ་ཐམས་ཅད་མཁྱེན་པ་ཡི།། ཡེ་ཤེས་ཐོབ་པར་བྱ་བ་ལ།། ཐབས་དང་ཤེས་རབ་འཇོམ་པ་དགོས།། དེ་ཕྱིར་ཐབས་ནི་གང་ཞེ་ན།། ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན།། ལྷ་དང་ལྷ་མོར་གནས་འགྱུར་བར།། རིམ་གྱིས་བསྐྱེད་དམ
185a5 མ་བསྐྱེད་རྫོགས།། ཆོ་ག་གསུམ་མམ་བདུན་གྱིས་ནི།། བསྐྱེད་ཅིང་བསྒྱུར་བྱས་ཡེ་ཤེས་སེམས།། སྤྱན་དྲངས་པ་སྟེ་མ་དང་མཆོད་ལ་སོགས།། གཞུང་དང་ལྡན་པར་བྱས་གྱུར་པས།། མཐར་ཕྱིན་འབྲས་བུ་ཐོབ་དུས་ན།། གཟུགས་སྤུ་རྣམ་གཉིས་འབྱུང་ནས་ཀྱང་།། བྱང་ཆུབ
185a6 སེམས་དཔའ་མན་ཆད་ནས།། སེམས་ཅན་དམྱལ་བ་ཡན་ཆད་ཀྱིས།། འགྲོ་དོན་མཐར་ཕྱིན་གྲུབ་པ་ལ།། སྟོང་ཉིད་ཏིང་འཛིན་བག་ཆགས་སྤངས།། ཆོས་སྐུ་ཐམས་ཅད་མཁྱེན་པ་ཡི།། ཡེ་ཤེས་བདེ་ལྡན་ཐོབ་པར་འགྱུར།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འདི་ལས་ལྷག
185a7 པའི་དེས་དོན་ཆོས།། རྫོགས་ཆེན་ཡང་ཏི་ཁྱེད་ལ་མེད།། དེ་ཕྱིར་ཐབས་ལ་བརྟེན་ནས་ནི།། ཤེས་རབ་ལྟ་བས་ཟག་བེ་ཅད་དེ།། འབྲས་བུ་ངེས་པར་འབྱུང་བར་འདོད།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། སྔགས་དང་མཚན་ཉིད་ཀྱི་ལམ་དང་འབྲས་བུ་དབྱེ་བའི་ལེའུ་སྟེ།




iiif viewer powered by OpenSeadragon

184b - 185b

Texts on this page

Gdg001.17 - rdzogs pa chen po nges don 'dus pa'i rgyud / lta ba thams cad kyi snying po rin po che rnam par bkod pa