e-texts navigator
Collection
Volume
Page
Wylie

184a1 འགྱུར་གྱི།། ཡེ་ཤེས་བྱ་བའི་མིང་ཡང་མེད།། ངེས་དོན་ཡང་ཏིའི་གཞུང་གིས་ནི། ཁམས་གསུམ་འཁོར་བའི་དུས་ན་ཡང་།། རང་བྱུང་ངོ་བོ་ཉིད་ཀྱི་སུ།། ཆོས་སུ་ཟབ་པ་ཡེ་གནས་ཕྱིར།། སངས་རྒྱས་འབྲས་བུ་ཐོབ་དུས་ན།། ཡེ་ཤེས་ཆོས་ཀྱི་སྒྲ་ནི
184a2 གནས།། དེ་ཕྱིར་དོན་དམཆོས་སྐལ།། མོས་ནི་གཞན་ན་ཡོད་མེ་སྲིད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། འོན་ཁྱོད་ཀྱི་འདོད་པ་སྟེ།། སེམས་ཅན་ལས་ནི་སངས་རྒྱས་པས།། དེ་ཉིད་འགྱེན་པ་མ་ཡིན་ནམ།། ངེས་དོན་འགྱུར་བ་མ་ཡིན་ཏེ།། མ་ཏོག། བག་ཆགས་བཅས་པ
184a3 དང་།། རྟོགས་པ་བག་ཆགས་བྲལ་བའི་ཕྱིར།། ཁྱད་པར་ཐ་དད་སྣང་གྱུར་ཀྱང་།། དོན་ལ་རྒྱ་འབྲས་རིམ་གྱིས་མེད།། ངོ་བོ་གཞི་ཡི་ཆོས་སྐུ་དང་།། རྟོགས་པ་ཡེ་ཤེས་ཆོས་སྒྲ་གཉིས།། ངོ་བོའི་གཞི་ལ་ཐ་དད་མེད།། ཉི་མ་རང་གི་ངོ་བོ་ལ།། མུན་གྲིབ་གྲང་བ་གང་ཡང་མེད།།
184a4 གློ་ཟད་ལྗིན་གྱིས་པསྒྲི་བཔ་ཙམ་ན།། ཉི་འོད་མེད་པ་མ་ཡིན་ཏེ།། ངོ་ངོ་ཕེལ་འབྲིབ་མེད་པ་ལྷུར།། རྟོགས་མརྟོགས་པའི་ཐད་པར་ལས།། སེམས་ཅན་སངས་ཀྱིས་གཅིག་པའི་ཕྱིར།། གཞི་ལངས་གསུམ་འགྱུར་མེད་ཡིན།། ད་ཡང་དེ་རྗེ་སེམས་དཔའ་ཐོན།། ལུང་ལྡན་བསྟན
184a5 པས་ཐམས་ཅད་མཁྱེན།། དེ་དུས་འབྲས་བུ་སངས་ཀྱིས་ཕྱིར།། ངོ་བོ་དག་ལ་འཕེལ་འགྲིབ་མེད།། སྐྱེ་འགག་མེད་པར་རྒྱུན་དུ་གནས།། སེམས་ཅན་དུས་ཀྱི་ཆོས་སྤུ་ལས།། དེ་ལས་འཕེལ་བ་དུལ་ཙམ་མེད།། དེ་ཕྱིར་ཡང་དག་ངས་བཤད་ཉོན།། དེ་ཡང་འདུས
184a6 པའི་སྙིང་པོ་ཉོན།། འོ་ན་དུས་གསུམ་མི་འགྱུར་ཅིང་།། ཐམས་ཅད་ཆོས་སྐུར་འདོད་པ་དེ།། ལུང་རིགས་གཉིས་དང་འགལ་བ་དང་།། སྡུད་པའི་རྟོགས་པར་འགྱུར་བའི་ཕྱིར།། འོ་ན་རྟག་དང་ཁྱད་ཅི་ཡོད།། དེ་ཡང་དོན་དང་མི་འགལ་ཏེ།། ཐམས་ཅད་ཆོས་སྐུར་འདུས
184a7 པ་དེ།། བསྡུས་ནས་འདུས་པ་མ་ཡིན་ཏེ།། ཉི་འོད་སྲུརང་མ་མང་རབ་བཞིན།། དུས་གཅིག་རྫོགས་པ་ཟོས་ཀྱི་སྲ།། རང་བཞིན་དང་གིས་གནས་པ་བཞིན།། ཆུ་རྐྱེན་ཚོགས་འདུས་མ་ཡིན་པས།། ཝང་དང་རིགས་པ་ཀྱིམ་དག་ལ། ཁ་དོག་དབྱིབས་སུ་མེད་པ་ལ།། རྟག་།




iiif viewer powered by OpenSeadragon

183b - 184b

Texts on this page

Gdg001.17 - rdzogs pa chen po nges don 'dus pa'i rgyud / lta ba thams cad kyi snying po rin po che rnam par bkod pa