e-texts navigator
Collection
Volume
Page
Wylie

183b1 འདུས་པའི་འཁོར་རྣམས་ཅེས།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། ཐེག་པ་གཞན་ནང་སྒོ་བསྟན་བྱེར།། ཕུང་བཅུ་འབྲས་དན་བྱས་པ།། ཕུང་པོ་རྣམ་པ་ལྔ་པད།། ཡང་དག་དོན་དང་རྗེན་བཏངས་པ།། རྟག་ཆད་ཟལ་དང་རང་གནས།། སྲན་རག་སྟོན་པས
183b2 དྲ་གསོལ།། དེ་སྐད་བྱས་པའི་དོན་གས་ན་ནས།། འདས་པའི་འཁོར་ལ་བཀའ་སྩལ་པ།། རྣམ་ཤེས་ཕུང་པོ་ཡང་དག་ཡོད།། ཕུང་པོ་བཞིན་བྱིན་རླབས་བྱུང་།། ཏག་ཆང་བལ་བའི་རྣམ་ཤེས་ནི།། ཀུན་གཞི་རང་གིས་བོ་ཡིན།། ཏེ་ག་ཟང་ངོ་བོར་གནས་པ་ནི
183b3 ལྡང་པོ་གཞན་དང་ཚོ་གས་བདུན་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཡི་འབྲས་བུ་སྤུ་ལྔ་དང་།། ཡེ་ཤེས་ལྔ་རྣམས་ཡོད་ཚང་ནི།། འདུས་མཐུས་ཀྱི་ནམ་མཁའ་བཞིན།། དུས་གསུམ་འདུ་འབྲལ་མེད་པར་ནི།། ཆོས་སྤྱི་ཡེ་ཤེས་ཡང་དག་ཡང།།
183b4 ཡེ་ཤེས་གཞན་དག་ནི།། བྱིན་གྱིས་བརླབས་ལས་འབྱུང་བ་སྟེ།། གཟའ་སྐར་རྒྱ་མཚོ་དེ་བཞིན་དུ།། རྩོལ་དུ་མེད་པར་ཤུགས་ལས་འབྱུང་།། ཆོས་སྐུ་མེ་ལོང་ལྟ་བུ་ནི།། རྟག་ཆད་གཉིས་དང་བྲལ་བར་གནས།། ངོ་བོ་རང་བཞིན་ལྷུན་གྱིས་གྲུབ།། དེ་ཕྱི་དུས་གསུམ
183b5 དཀྱར་མེད།། སུ་དང་ཡེ་ཤེས་གཞན་དག་ནི།། ཏག་ཆད་གཉིས་ཀྱི་བོར་གནས།། ཐེག་པ་གཞན་དུ་ཞི་བ་བསྟན་གྱིས།། ངེས་དོན་སྐབས་སྤངས་མ་བཤད།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། ཐེག་པ་ཀྱི་དང་རང་གི་འགལ་བར་བསྟན་པའི་ལེའུ་སྐྱེ་བཅཝ
183b6 གསུམ་པའོ།། ། དེ་ནས་འདུས་པའི་འཁོར་རྣམས་ལ།། ཡང་ཏི་རང་གཞུང་བཀའ་སྩལ་པ།། རང་བྱུང་ཡེ་ཤེས་ཆོས་སུ་ལ།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་།། ཡང་དག་དོན་དུ་མི་འདོད་ཕྱིར།། ཡེ་ཤེས་གཞན་ལ་སྤྲོས་ཅི་དགོས།། ད་ཡང་རྣོན་སེམས
183b7 ཉོན།། རང་བླང་ཡེ་ཤེས་ཆེན་པོ་ནི།། དུས་གསུམ་དག་ཏུ་མི་འགྱུར་བ།། མེ་ལོང་ལྟ་བུའི་ཡེ་ཞེས་ཀྱང་།། ཐོག་མ་མེད་ཀྱང་ཐ་མ་ཡོད།། དེ་ཅིང་ཆེན་ལས་བྱུང་བ་ཡིན། ཁམས་གསུམ་འཁོར་བའི་དུས་ཙམ་ན།། ཀུན་གནི་རྣམ་པར་ཤེས་པ་ལ།། གཉེན་པོས་འགྱེད་པའི་ག




iiif viewer powered by OpenSeadragon

183a - 184a

Texts on this page

Gdg001.17 - rdzogs pa chen po nges don 'dus pa'i rgyud / lta ba thams cad kyi snying po rin po che rnam par bkod pa