| | e-texts navigator
|
182b1 བཤད། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། སེམས་ཙམ་སུན་འདོན་པ་བསྟན་པའི་ལེའུ་སྟེ་བཅུ་པའོ།། ། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་བཟང་སྟོན་པས་བཀའ་སྩལ་པ།། གསང་སྔགས་ཕྱེ་ནང་འདོད་པའི་གཞུང་།། ཞང་པོ་ཁམས
182b2 དང་སྐྱེ་མཆེད་རྣམས།། སངས་རྒྱས་ཡིན་པར་བློས་བསྒྱུར་ནས།། ཡེ་ཤེས་སེམས་དཔའ་མཆོད་ལ་སོགས།། ཚོགས་གཉིས་བསོད་ནམས་བསྐྱེད་ནས་ནི།། ཆོས་ཉིད་སྒྲིབ་པ་བྲལ་དུས་ན།། འབྲས་བུ་འབྱུང་བར་ངེས་པ་ནི།། སྐུ་གསུམ་ཡེ་ཤེས་ལྔར་འདོད་པས།།
182b3 རང་རིག་ཆོས་སྐ་ངེས་དོན་བསྒྲིབས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཨ་ནུ་ཡོ་གའི་འདོད་པ་ནི།། ཕུང་པོ་ལྔ་སོགས་རྟོག་ཚོགས་ཀུན།། མ་བསྐྱེད་རྫོགས་པར་འདོད་པ་དེ།། འབྲས་བུ་ཡེ་ཤེས་ལྔ་དང་ནི།། སྐུ་ལྷ་ལྷུན་གྲུབ་འདོད་པས་བསྒྲིབས།། ཡང་དག་འདུས
182b4 པའི་སྙིང་པ་ཉོན།། རང་བཞིན་ལྡན་གྲུབ་སངས་རྒྱས་ནི།། དུས་གསུམ་དག་ཏུ་མི་འགྱུར་ཅིང་།། གཉེན་པོས་བཅོས་ཤིང་བསྐྱར་དུ་མེད།། ཐབས་ནི་གང་ལའང་མི་བརྟེན་ཕྱིར།། རང་བྱུང་ཀུན་ཏུ་བཟང་པོ་བྱ།། དེ་ཡང་འཁོར་གྱི་སྐྱིང་མོ་ཉོན།། ཕུང་པོ་རྣམ་པ་ལྔ་ལས་ཀྱང་།
182b5 ལྔ་ཡེ་ཤེས་ལྔ་རུ་འདོད།། ཕུང་པོ་གཅིག་ལས་མེད་པ་ལ།། འབྲས་བུ་ཐ་དད་འབྱུང་བ་ཡིས།། གནས་འགྱུར་དུ་ནི་སངས་རྒྱས་ནས།། རིག་ལྔའི་ཡོན་ཏན་རྫོགས་འདོད་པས།། ཤིན་ཏུ་མི་འཐད་འགལ་བའི་ཕྱིར།། མ་རིག་རྨོངས་པས་རང་ལ་བསྒྲིབས།། དེ་དོན་དགོངས
182b6 ཤིང་བསྒྲིབ་པ་ནི།། ཀུན་གཞན་དུ་ནི་ཞིབ་བསྟན་ཕྱིར།། ངེས་དོན་སྐབས་སྤངས་མ་བཤད།། ད་ཡང་རྡོ་རྗེ་སེམས་དབང་ཉོན།། མིང་གི་རྣམ་གྲངས་དུ་བསྟན་ཡང་།། དོན་གྱི་ངོ་བོ་གཅིག་ཏུ་འདུས།། རྩལ་ཤུགས་ཚུལ་དུ་གཉིས་སུ་སྡང་།། དོན་ལ་དགོས་མེད་ཚིག་དང་བྲལ།། དེ་ཀྱི
182b7 བྱིས་པའི་སྤྲིན་ཚིག་འདྲ།། ཕུང་པོ་ཁམས་དང་སྐྱེ་མཆེད་ཅན།། སེམས་སུ་བྱས་ཤིང་ཚྭ་ཡིས་བཅོས།། དེ་ཕྱིར་ཡང་དག་ཕུང་པོ་མིན།། དོན་དམ་ཆིས་ལ་སྤོས་ཅི་དགོས།། དེ་ཕྱིར་མ་རིག་རྨོངས་པ་ཀུན།། གནས་འགྱུར་སངས་རྒྱས་འདོད་པས་ཕུང་།། གཏན་དུ་འཁྱམས་པ
iiif viewer powered by OpenSeadragon
182a - 183a