e-texts navigator
Collection
Volume
Page
Wylie

181b1 ། དེ་ནི་རང་བྱུང་ཡེ་ཤེས་ཡིན།། སྤྱན་གྱི་རྒྱལ་པོའི་བཅུད་ལེན་ཀྱང་།། ཐབས་ལ་མ་མཁས་བཟའ་ཉེས་ན།། ཧ་ལ་ནག་པོའི་དུག་དང་འདྲ།། རང་ལ་གནས་པའི་ཆོས་ཉིད་ཀྱང་།། ལུང་མེད་འཁྲུལ་པའི་དབང་སོང་ཚེ།། འདོད་ཆགས་ལ་སོགས་དུག་ལྔ་ཡིན།
181b2 དཡང་ངོ་ན་སེམས་དཔའ་ཉོན།། ས་འོག་གནས་པའི་རིན་ཆེན་གསེར།། ངོམ་ཤེས་ན་རྡོ་དང་འདྲ།། དེ་བཞིན་རང་ལ་ཡོད་པའི་དོན།། རྟོགས་པ་མེད་པའི་འཁྲུལ་རྟོག་སེམས།། ངོ་ཤེས་ཕྲད་ན་མི་ཟད་གཏེར།། དགོས་འདོད་རེ་བདེ་ལས་བྱུང་།། རེས་དོན་ཆོས
181b3 སྐྱེ་རྟོགས་ཙམན།། བྱིན་རླབས་ནོར་བུའི་ཚུལ་དུ་འབྱུང་།། ད་ཡང་འདུས་པའི་སྙིང་བ་ཏོན།། མཁའ་ལ་གཟའ་སྐར་ཤར་བ་དང་།། རྦ་ནང་ངག་གི་གཟུགས་བརྙན་ནི།། གཅིག་པ་མ་ཡིན་མོ་ས་མིན།། དེ་བཞིན་རིག་པའི་རྒྱལ་བ་དང་།། རིག་པའི་རྩལ་དུ་སྣང་བ་གཉིས
181b4 སྡིག་བཅས་མ་ད་ངོ་བོ་གཅིག། རྫོགས་པ་ཆེན་པོ་ངས་དོན་འདུས་པ་ལས་དཔེ་དོན་འདུས་པ་བསྟན་པའི་ལེའུ་སྟེ་བརྒྱུད་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ཆུ་རྐྱེན་མ་བསྐྱེད་རང་བྱུང་ལ།། གསལ་འགྲིབ་མེད་པ
181b5 ཡེ་ཤེས་ཡིན།། རྩོལ་སྤབ་དག་ལས་མ་བྱུང་བས།། རང་བྱུང་ལམ་ལ་རག་མ་ལུས།། ཡུལ་ལས་མབྱུང་ཡེ་གནས་ཏེ།། ལུང་ལྡན་རྐྱེན་གྱིས་རྟོགས་པས་ཆོག། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡང་དག་ཆོས་སུ་འདུས་པ་འདི།། རང་ལ་ཡོད་ཀྱིས་གཞན་མ་བལྟ།།
181b6 ཆོས་ཉིད་ངང་ལས་ཐུགས་མ་བཅོས།། ལྟ་བའི་དོན་ལ་བརྗེད་མངས།། སྒོམ་པའི་དང་འདྲན་ལགསལ།། སྤྱོད་པའི་ཆོས་ལ་བཅོས་མ་བསླད།། དམ་ཚིག་གཟུང་བ་འཚུར་མཁྱེན།། འབྲས་བུའི་ཆོས་ལ་རྟགས་མ་རིང་།། ད་ཡང་འཁོར་གྱི་སྤྲིང་བ་ཉོན།། འགྲོས་མེད་ཀྱིས
181b7 ཅན་འདུག། ཡེ་ནས་ཡིན་གྱིས་ག་མ་བཅོལ།། འཁོར་བ་ཚས་འངས་མ་འཛིན།། སྣང་བའི་ཡུལ་ལཞིནམ་གྱི།། འཇིག་རྟེན་གཏམ་འགྲོམ་ནོ།། ནམམཁའ་དག་ལ་བགོས་མཐོད།། རྒྱལ་བའི་བཀའ་ལ་ནད་མབྱུད།། མང་པོན་དག་ལ་འགས་མ་འཇུག།




iiif viewer powered by OpenSeadragon

181a - 182a

Texts on this page

Gdg001.17 - rdzogs pa chen po nges don 'dus pa'i rgyud / lta ba thams cad kyi snying po rin po che rnam par bkod pa