e-texts navigator
Collection
Volume
Page
Wylie

180b1 སྲིན་པར་ནམ་ཡ་ཉི་ཤར་བཞིན།། གཞིས་ནས་གངའབག་ན།། གཅིག་པ་མ་ཡོང་ཁྱང་པ་དང་།། གནནངས་པཤུད་ལགས་པ་ཅན།། འཁོང་འངས་དརྣ་ན་རྒྱ།། དངས་བགྲད་པ་ལ་ནངས་བྱུང་།། དམ་ཉི་མ་པན་ཡང་། གཞི་དངས་མདན
180b2 མཁའ་འདྲ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། མ་རིག་ལས་སྐྱེས་ཆགས་སྡང་སེམས།། དེ་ཕྱིར་འཁོར་བའི་རྩ་བ་སྟེ།། ཉོན་མོངས་བག་ཆགས་བསྐྱེད་པར་བྱེད།། སེམས་ནི་ཚོགས་བརྒྱད་མུན་པ་འདྲ།། དེའང་ལུང་གི་སློབ་དཔོན་གྱིས།། རིག་པའི་གཏན་ཚིགས་རྣམ་བཞི་ནི།། ཡུ
180b3 ཀྱི་སྣང་བ་འདི་ཉིད་ལ།། གཞིག་པས་རང་བཞིན་མེད་པར་ཤེས།། གསལ་ལ་མི་རྟོག་གང་བསྒོམ་པ།། ཐོས་པའི་ཤེས་རབ་ཡིན་པའི་ཕྱིར།། རིག་པ་ཡིན་ཏེ་ཡེ་ཤེས་མིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སེམས་དང་རིག་པའི་བར་དུ་ནི།། ལུང་ལྡན་ངེས་པའི་གདམ་སང
180b4 གིས།། སྣང་བ་གཏན་ཚིགས་མ་གཞིགས་པ།། འཁོར་འདས་མ་རིག་ཆོས་ཀྱི་སྲ།། གཞི་ཤེས་ནང་གི་རིག་པ་དེ།། བསམ་པའི་ཤེས་པ་ཡིན་པའི་ཕྱིར།། རང་བྱུང་ཡིན་ལ་ངེས་ཤེས་མིན།། ནམ་ལངས་མུན་པ་མེད་པའང་།། ད་ཡང་རྡོ་རྗེ་སེམས་དཔའ་ཚོན།། ཡེ་ཤེས
180b5 ཆོས་སྐུའི་བར་དྲི་ནི།། རྣལ་འབྱོར་རིག་པའི་བློ་ལྡན་པས།། སེམས་ཅན་རྒྱ་བ་རྒྱན་གཅོད་པས།། ཡེ་ཤེས་འགག་པ་མེད་པར་གསལ།། བསྒོམ་པའི་ཤེས་རབ་ཡིན་པའི་ཕྱིར།། མཉམ་གཞག་དང་ལ་ཡེངས་པ་མེད།། རྗེས་ཐོང་མ་ཡེངས་ཏིང་བཞིན་དུ།། ཡེ་ཤེས་རང་ལས་ཆོས་དྲ།
180b6 བཙལ།། དེ་ཤེས་གདེང་གིས་ཟིན་པ་ནི།། ཉི་ཤར་མུན་གྲིབ་མེད་པ་འདྲ།། དེ་ཡང་འདུས་པའི་སྙིང་པོ་རྣོན།། སེམས་ཀྱི་སྙིང་པོ་རིག་པ་དང་།། སངས་རྒྱས་སྙིང་པོ་ཡེ་ཤེས་དང་།། ཆོས་ཀྱི་སྙིང་པོ་རྫོགས་ཆེན་དང་།། འབྱུང་བའི་སྙིང་པོ་ནམ་མཁའ་དང་།། འཁོར་འདས
180b7 ངོ་བོ་ཉིད།། དེ་དོན་རྣམ་པར་དབྱེ་བ་ནི།། ཀུན་བཟང་རྒྱུད་དུངས་བཤད་ཀྱིས།། དད་ལྡན་བྱེ་བ་ཏོགས་པར་གྱིས།། རྫོགས་པ་ཆེན་པོ་ངས་དོན་འདུས་པ་ལས་སྙིང་པོ་ངེས་དོན་འདུས་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། སྲན་རིག་སོན




iiif viewer powered by OpenSeadragon

180a - 181a

Texts on this page

Gdg001.17 - rdzogs pa chen po nges don 'dus pa'i rgyud / lta ba thams cad kyi snying po rin po che rnam par bkod pa