| | e-texts navigator
|
179a1 @#ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྟུལ་བ་ཡིས།། ཆོས་རྣམས་གཏན་ལ་དབང་པའི་ཕྱིར།། དོན་གྱི་སྙིང་པོ་འདྲི་གསུངས་པས།། ཡང་དག་ངེས་དོན་རྫོགས་པའི་ཐབས།། འདུས་པ་ལྟ་ལ་ངན་མཚན་ཕྱིར།། ཕན་འདོན་དུ
179a2 ཤན་ཕྱེ་བ།། སྐབས་དབྱེ་ལྷ་ཡི་སྒོ་ཕྱེས་ནས།། རྩ་བ་བཞི་ཡི་མདོར་བསྡུས་ལ།། འཕྲང་ཆེན་དྲུག་གིས་གཏན་ལ་དབབ།། དེས་དོན་བདུན་གྱིས་ཉམས་སུ་བླངས།། ངེས་པ་གསུམ་གྱིས་ཁྱད་པར་འཕགས།། ཆོ་བ་ལྔ་ཡི་དངོས་འདིན་དང་།། གཉིས་མེད་གསུམ་གྱི
179a3 ལ་བཟླ་ལ།། གཏན་ཚིགས་བཞི་ཡིས་ཡིད་ཆེས་བྱས།། འབྲས་བུ་དགུ་ཡིས་མཐའ་དྲུག་ཏུག། རྟོགས་པ་བཞི་ཡིས་གདེངས་ལྡན་བྱ།། རྫོགས་པ་ཆེན་པོ་དེ་སདོན་འདུས་པ་ལས་ཆོས་རྣམས་གཏན་ལ་མབང་མདོ་ཤུ་སྡུས་ཏེ་བསྟན་པའི་ལེའུ་སྟེ་བཞི་པའོ།། །། ནས་འདུས
179a4 པའི་སྙིང་པོ་ཡིས།། དད་ལྡན་འཁོར་ལ་ཕན་གདགས་ཕྱིར།། ཀུན་དག་ཆོས་ཀྱི་རྒྱལ་པོ་པ།། བདེན་པའི་དོན་ནི་འདི་སྐད་ཆུས།། སངས་རྒྱས་དགོངས་པ་གང་དུ་འདུས།། རྒྱ་འབྲས་ངེས་ཚིག་ཇི་ལྟར་འདུས།། སྙིང་པོ་འདུས་པའི་ཁྱད་པར་གང་།། དཔེ་དང་དོན་དུ་ཇི་ལྟར
179a5 འདུས།། རྫོགས་ཆེན་རང་གཞུང་ཇི་ལྟར་འདུས།། ཀུན་རིག་སྟོན་པས་བཤུད་དུ་གསོལ།། དེ་སྐད་ཞུས་པ་འདོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། སངས་རྒྱས་ཀུན་གྱི་དགོངས་པའི་ཆོས།། ངེས་དོན་བླ་མ་དམ་པ་ཡི།། གདམས་ངགེ་བྱད
179a6 པར་ཅན་དུ་འདུས།། དཔེ་ཡིས་འདུས་ལ་དོན་གྱིས་འདུས།། རྟགས་ད་གཏན་ཚོགས་མཐུན་པར་འཇུས།། དོན་ནི་རིང་བྱུང་ཟིས་སླར་འདྲུ།། ད་ཡང་རྡོ་རྗེ་སེམས་དཔ་ཉན།། ཀུན་ཏུ་བཟང་པོའི་དགོངས་འདུས་པ།། འཕོ་འགྱུར་མེད་པའི་བལྟ་བ་ལ།།
179a7 འགགས་མེད་པའི་བསྒོམ་པ་ཤར།། བླང་དོར་མེད་པའི་སྤྱོད་པ་ལ།། རོ་དོགས་མེད་པའི་འབྲས་བུ་གནས།། རིགས་ལྔའི་སངས་ཀྱིས་དགོངས་འདུས་པ།། རང་བྱུང་སྐྱེ་མེད་དང་གསལ་དེ།། འགགས་མེད་མི་འགྱུར་རིག་པ་དེ།། རྡོ་རྗེ་སེམས་དཔའི་དགོངས་པ་སྟེ།
iiif viewer powered by OpenSeadragon
178b - 179b