| | e-texts navigator
|
174b1 ལ་ལྟས་ཐ་འཆོས་མེད་པྱར།། དང་བལྟ་བ་ལ་ཝལ་མ་སྲེད།། མ་དང་གཅིག་བུ་བྲལ་བ་ཡིན།། ཡུལ་མེད་མིང་དང་བྲལ་བའི་ཕྱིར།། དལ་རྩལ་ཅི་ལ་སྤྱན།། དང་བྱུང་ཡུལ་སྣང་མེད་འགྱུར།། ཡུམ་མན་སྲོག་བརྒྱད་དག་ན་ད།། རྨང་མ་ད
174b2 འདོགས་ཆོད།། ཅེས་གསུངས་སོ།། ཡང་བཀའ་སྩལ་པ། དོ་ནི་གསང་སྔགས་ཞེས་བྱ་གཞི་ཞེས་བྱ།། མཉམ་པ་ཉིད་ཅེས་བྱ། ཆོས་ཀྱི་སྐུ་ཞེས་བྱ། རྟོགས་པའི་ལྟ་བ་ཞེས་བྱ། ཆོས་ཉིད་ཅེས་བྱ། ཆོས་རྣམས་ཀྱི་དེ་བཞིན་ཉིད་བྱེ་བྱ།། དགོངས་པ་ཞེས
174b3 པྲ། སྤྱིས་ཆོས་ཀྱི་དབྱིངས་ཞེས་བྱ། གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱའོ།། ཡེ་ཤེས་ཡེ་ཤེས་ཡིན་ནོ།། ཅིའི་ཕྱིར་རང་བྱུང་དུ་ཤེས་པ་དང་། རང་རིག་པས་ཀྱང་ཤེས་སོ།། ལྷག་པར་དེ་ཁོན་ཉིད་རྟོགས་པས་ཡེ་ཤེས་ཞེས་བྱའོ།། གསང་སྔགས་རང་གི
174b4 པ་ནི།། ཡུལ་མེད་མིང་དང་བྲལ་བ་ཡིན།། རང་བྱུང་ཡེ་ཤེས་དགོངས་ཚད་ཡིན།། རང་རིག་ཡེ་ཤེས་དགོངས་ཚད་ཡིན།། ལྷག་མཐོང་ཡེ་ཤེས་དགོངས་ཚད་ཡིན།། ཞེས་གསུངས་སོ།། རྡོ་རྗེ་བརྒྱ་བའི་རྒྱུད་ལས་ལ་བཟླ་དེ་ཁོ་ན་ཉིད་ཀྱི་བེའུ་སྟེ་ཉེར་གསུམ་པའོ།།
174b5 ཡང་བཀང་སྩལ་པ། ཉོན་ཅིག་རྡོ་རྗེ་རིགས་ཀྱི་འཁོར།། སྲོག་དང་སྙིང་པོ་གསང་སྔགས་བསྟན།། གང་སྣང་བ་ཡི་ཆོས་ཀུན་ལ།། མཚན་མར་སྣང་བས་སྲོགྶས་ཅེས་བྱ།། ཅིའི་ཕྱིར་འཛིན་པས་བཟུང་བའི་ཕྱིར།། སྲོག་གི་ངོ་བོར་འཛིན་པ་ཡིན།། ངེས་ཚིག་འདུས་བྱ
174b6 མི་རྟག་པ།། དབྱེ་བ་དབུགས་ཅན་དབུགས་མེད་སྤོང་།། དབེན་ཤིང་འདུས་པས་བསྟན།། གར་སྣང་བ་འི་ཡུལ་དེ་བ།། མིང་བཏགས་འབོད་པས་སྙིང་པོ་ཡིན།། ཅི་རྒྱར་དེ་ལ་ཉེས་འཛུགས་ཕྱིར།། དེས་ན་བཏགས་པ་མེད་ན་གང་ལ་གཟུང་།། སྣང་བ་དེ་ལ་མིང་གས
174b7 འབོད།། དེས་ན་སྲོག་རང་སྙིང་པོ་ཡིན།། སྲོག་ནི་གཟུགས་ཏེ་སྙིང་པོ་མེད།། གཟུགས་ནས་བཟུང་ལ་སྙིང་པོར་བོད།། སྲོག་ཀྱང་མེད་ལ་རྙིང་པོ་མེད།། དཔེར་ན་འབྱུང་བཅུ་ལྟ་ཊ། གཅིག་ལ་ཀུན་ཏུ་སྤང་བས་མཚོན།། དེས་ནན་ལྟ་བདེན་པ་མེད།། དེསན
iiif viewer powered by OpenSeadragon
174a - 175a