| | e-texts navigator
|
171b1 མགྲིན་པར་གྱེས་ནས་བཅུ་དྲུག་ལ།། བོར་འབར་ལོ་སུམ་ཅུ་གཉིས།། ཝ་བན་རྩ་བརྒྱད་འཁར་ལོས་མཆོ།། འཁོར་ལ་ལྔ་གསུམ་རྩ་ཆུང་ལས་རྫོགས་ཡན།། ཞེས་གསུངས་ས།། རྡོ་རྔུབ་ཅུ་གྱུད་ལས་བཅུ་རྒྱན་ལུས་འཛུགས་ལུགས་རྒྱལ་ཏེ་བརྒྱད་བུ་ང།
171b2 དེ་ནས་ཡང་བཀའ་སྩལ་པ།། བཛྲ་ལྤནི་ཁྱོད་ཉོན་ཅིག། ཞི་རྒྱས་དབང་དྲག་མཚོན་པ་ཡང་།། འདི་ལྟར་བཅས་ཞིང་བསམ་པར་བྱ།། དང་པོ་ཞི་བའི་མཚོན་པ་ནི།། ཟླུམ་པོའི་དཀྱིལ་དུ་རྡོ་རྗེ་མོ།། དེ་མཐའ་ལ་ཁོར་ལོ་རྩིབས་བཞི་ཚུལ།། མཐའ་ན་རུ་ཁྱུད་ཁྱིམ་ཐོས་བསྐོར
171b3 བྲམ་པའི་ཨོཾ་ལ་བུདྡྷ་ས་མ་ཡ་ལ་སོགས།། ཨ་ལ་གཏུགས་པའི་ཕྲེང་བསྐོར་ཡིན།། དེ་ཡང་ཟླུམ་པོར་རོ།། ཤམ་བུ་ཨོཾ་ལ་ཤཱནྟི་ག་དགས།། ཞི་བའི་ལྷ་དང་མཆོད་རྟེན་ཀུན།། འོད་ཟེར་དཀར་པོ་འཕྲོ་བ་ཡིས།། ཞི་བར་འགྱུར་ཏེ་ཐེ་ཚོམ་མེད།། དེ་ནས་རྒྱས་པའི་མཚན་བསམ་ཡང་།
171b4 རིན་པོ་ཆེ་ཡི་ལྟེ་བ་ལ།། རྡོ་རྗེ་དཀྱིལ་གནས་བུམ་པར་སྟེ།། མཐའ་མ་གྲུ་བཞི་ལྟེ་བ་ཡི།། བུམ་པའི་སཱ་ལས་འཕྲོས་པ་ནི།། སྥ་རཏྣ་ས་མ་ཡ།། ཨཱ་ཞེས་ཕྲེང་བས་བསྐོར་དུའོ།། གྲུ་བཞིའི་གྲུ་བཞིར་ལྷམ་པ་རུ།། ཤམ་བུ་སྟ་ལ་པུརྟིང་གདགས།། རྒྱས་པའི་ལྷ་དང་མཆོད་རྟེན་སུན།།
171b5 འོད་ཟེར་སེར་པོ་འཕྲོས་པ་ཡིས།། རྒྱས་པར་འགྱུར་ཏེ་ཐེ་ཚོམ་མེད།། དེ་ནས་དབང་གི་མཚོན་བསམ་ཡང་།། པདྨ་འདབ་བརྒྱད་ལྕི་བ་ལ།། རྡོ་རྗེའི་བུམ་པའི་ལྟེ་བར་ཨཱཿ། མཐར་ནི་ཟླ་གམ་ལམ་པ་མིན།། བུམ་པར་ཨཱ~ཾཿཕས་འཕྲོས་པ་ནི།། ཧྲཱིཿཔདྨ་ས་ཏྲ་ས་མ་ཡཱ། ཨ་ལ་ཐུག་པའི
171b6 ཕྲེང་བས་བསྐོར།། བླ་གམ་ཟླ་གམ་སྒོར་སྦྱོར་རོ།། ཤམ་པུར་སཱིལ་བ་ཤི་གདགས།། དབང་གི་ལྷ་དང་མཆོད་རྟེན་ཀུན།། འོད་ཟེར་དམར་པོ་འཕྲོ་བ་ཡིས། དབང་དུ་འདུས་ཏེ་ཐེ་ཚོམ་མེད།། དྲག་པོའི་མཚོན་བྱེད་བསམ་པ་ཡང་།། ཨེ་བརྩེག་དབུས་སུ་རྒྱ་གྲམ་ལ།། རྒྱ་གྲམ་ལྕེལ
171b7 ཧཱ་གནས་ཏེ།། མཐའ་ནི་གྲུ་གསུམ་དྲག་པོར་འཁོར།། བུམ་པའི་ཧཱ་ལས་འཕྲོ་ལུགས་བཞི།། རྣལ་མར་བསྐོར་དང་གོ་རིམ་བཟློག། ཡིག་འདུ་བཟློག་དང་འདུགས་སོ།། གྲུ་གསུམ་མེ་རུ་བསྐོར་བ་ཡིན།། ཧཱ་དང་ཀརྨ་སཏྭ་ནཱི།། ཨ་ཞེས་དྲག་པོས་བཟླས་པ་ཡི།། ཤམ་བུར་མཱ་ར་ཡ
iiif viewer powered by OpenSeadragon
171a - 172a