e-texts navigator
Collection
Volume
Page
Wylie

168b1 བརླབས་ལས་རིམ་འབྱུང་བ་ལྔ།། འདུག་པའ་ཕས་རིམ་བྱ་བ་ཡིན།། ཐེག་དང་ཐར་པ་གདབ་པ་ཡན།། ས་རྐོ་བ་དང་བརྡུང་བ་དང་།། སྤོས་ཆུས་བྱུག་དང་མཎྜ་གཞུག། འབ་འདི་བྱ་དང་ན་བཟའ་སྔམ།། བྱེ་རླབས་སྔོན་འགྲོའ་དམ་ནི།། རྣལ་ཁྱོར་པ་ལས་ཤེས་།
168b2 པའི་ལས་རིམ་གཉིས་སུ་དབྱེ།། འབྱུང་བ་ལྔ་དང་འཇིམས་དང་།། གང་སྐད་ལམ་དུ་འདོབས་པའོ།། འབྱུང་བ་ལྔ་ལས་ནམ་མཁའ་དག་ལ་གདབ་པ་ནི།། བདག་ཉིད་སེམས་དཔའི་སྐུར་གསལ་བས།། བརྐོས་ཕོད་བྱིན་གྱིས་བརླབས་བྱས་ལ།། གཞི་ཡི་ཡི་གེ་ཉིད་ལས་སྨོས།། 8
168b3 རྒྱབརྒྱབ་འཛིན་བྱིན་གང་བ།། སྐུ་གསུ་ཐུགས་ཀྱི་དཀྱིལ་འཁོར་དམིགས།། མེ་རྔ་རུང་ཡང་དེ་བཞིན་གདཔེ།། འཇིམ་པ་དག་ལ་གདབང་ནི།། འབྲི་འབི་དགོས་པོར་ནང་བརྟག་ལ།། ཡིག་འབྲུབ་རྒྱས་བརྗོད་སྦྱིན་དུ།། དྷརྨ་ལཱ་ཡ་ཨ་ཞེས་གདབ།། བཛྲས་དྷ་ལྡན་བཞུག
168b4 དཀྱིལ་འཁོར་ཆེན་པོའི་མཆོད་རྟེན་ལ།། ལྷ་བརྒྱ་ལ་སོགས་ཀྱིས་བསྐོར་བར་།། བསྐོར་བ་མཆོད་པ་བྱེད་པར་བསམ།། དེ་ཡང་འདི་ལྟར་ཤེས་པར་གྱིས།། གདབ་པ་ལ་ཡང་གཉིས་ཡིན་ཏེ།། གསོན་དང་གཤིན་དུ་ཤེས་པར་བྱ།། གསོན་པོ་ལ་ཡང་གཉིས་ཡིན་ཏེ།
168b5 རྔུབ་དོན་དང་རྐྱེན་བཟློག་གཉིས།། བྱང་ཆུབ་དོན་ནི་གོང་ལྟར་ཏེ།། རྐྱེན་བཟློག་ཕྲིན་ལས་རྣམ་བཞིར་གདབ།། དང་པོ་ཞི་བར་གདའ་བ་སྟེ།། ཞི་བ་བུདྡྷ་རྡོ་རྗེར་དམིགས།། བགོས་ཕོར་དྷི་གྱེས་བྱིན་བརླབས་ལ།། ཨོཾ་པྲདྡྷ་སཏྭ་ས་མ་ཡ་ནས་ཨ་ཞེས་བརྒྱ་པའི་སྔགས་བརྗོད་ལ།
168b6 ཆེ་གེ་མོ་ཤཱནྟིཾ་ཀུ་རུ་གདབ།། མཆོད་རྟེན་དཀར་པོ་ཟླུམ་པོ་ཀྱི།། ནང་དུ་ཞི་མཛོད་རྡོ་རྗེ་དབྱངས།། འོད་ཟེར་དཀར་པོས་གང་དྲེག་པ།། ཞི་བར་འགྱུར་ཏེ་ཞི་བར་བྱེད།། རྒྱས་པ་རིན་ཆེན་རྡོ་རྗེར་དམིགས།། བརྐོས་པོར་ཧཱུཾ་གྱིས་གྲེ་བཞིར་བརླབས།། སཱ་རཏྣ་སཏྭ་ཞེས་པ་ནས།། ཨས
168b7 པ་རྒྱས་པ་ནས།། ཆེ་གེ་མོ་བུདྡྷེ་ཀུ་རུ་གདག། མཆོད་རྟེན་གྲུ་བཞི་སེར་པོ་ཕྱེ།། ནང་དུ་རྡོ་རྗེ་ཆུས་མཛད་དབྱིངས།། འོད་ཟེར་སེར་པོས་ཀུན་ལ་ཁྱབ།། ཚེ་དང་བསོད་ནམས་དཔལ་རྣམས་རྒྱས།། དབང་ལ་པདྨ་རྡོ་རྗེར་དམིགས།། བརྐོས་པར་བླག་མ་བྱོན་བརླབས་ལ།




iiif viewer powered by OpenSeadragon

168a - 169a

Texts on this page

Gdg001.16 - rdo rje sems dpa' yi ge brgya pa thugs phrin las thams cad kyi dam tshig gi rgyud ces bya