| | e-texts navigator
|
160b1 གིས་ཟོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཆར་ཆེན་པོ་འོག་མིན་གནས་ཀྱི་དང་པོ་རྡོ་རྗེ་དབྱིངས་ན་གཞུགས་ཏེ། དེའི་ཚེ་དེའི་དུས་ན། རྡོ་རྗེ་འཆང་བ་ཡབ་ཡུམ་དང་།། རྡོ་རྗེ་སེམས་དཔའ་ལ་སོགས་ཏེ། པུདྡྷ་ཛོ་དང་། རིན་ཆེན་རྡོརྗེ་དང་། པདྨ་རྡོ་རྗེ་དང
160b2 ཀརྨ་རྗེ་དང་། སངས་རྒྱས་སྟན་ལ་སོགས་ཏེ།། འཇུར་བའི་ཡུམ་ལྔ་དང་། ས་ཡི་སྙིང་པོ་ལ་སོགས་ཏེ། སེམས་དཔའ་བརྒྱད་དང་། ལྷ་སྔ་ལ་སོགས་ཏེ། སེམས་མ་བརྒྱད་དང་། རྣམ་རྒྱལ་ལ་སོགས་ཏེ། སོ་པ་བཞི་དང་། ལྕགས་ཀྱུ་ལ་སོགས་ཏེ། སྒོམ་པའི
160b3 དང་། བཅུ་བྱིངྒ་ལ་སོགས་ཏེ། ཐུབ་པ་རྡུག་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོ་ཀོན་པ་ལ་གཡོན་ཕྱོགས་ནས་བསྐོར་རོ།། བཛྲ་ཁྲག་འཐུང་ལ་སོགས་ཏེ། རིགས་ཀྱི་ཁྲོ་བ་ལྡན་པ་། བཛྲ་ཀྲྀ་དྷི་ལ་སོགས་ཀྲོ་དྷི་མ་ལྔ་དང་། གོ་དྷ་ལ་སོགས་ཏེ། ཀཽ་རཱི་པ་རྨང་དང་། སི་རྣམ
160b4 སོགས་ཏེ། མིན་བརྒྱད་དང་། ལྕགས་ཀྱུ་མེ་ལ་སོགས་ཏེ། སྒོམ་བཞི་དང་། སྲིན་མོ་སྡུག་ནག་ལ་སོགས་ཏེ། ཡེ་ཤེས་ཀྱི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱིས་སྟོན་པ་རྡོ་རྗེའི་ཆང་པ་གཡས་རོལ་ནས་བསྐོར་ཏེ་བཞུགས་སོ།། གཞན་ཡང་དཀྱིལ་འཁོར་གྱི་སྣ་ཚོགས་བསམ
160b5 མི་ཁྱབ་པ་ཕུར་པ་པདྨ་བདུད་རྩི་མ་གཤིན་ལ་སོགས་པས་ཡོངས་སུ་བསྐོར་རོ།། ཚངས་པ་ལ་སོགས་པའི་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ཁྱབ་འཇུག་ལ་སོགས་པས་ཡོངས་སུ་བསྐོར་ངོ་།། རྡོ་རྗེ་དྲས་མོ་ལ་སོགས་པ་མཁའ་འགྲོ་མ་བསམ་གྱིས་མེ་ཁྱབ་པས་བསྐོར་ཏེ། བསྐོར་བ་དང
160b6 མཆོད་པས་མཆོད་ཅིང་གནས་སོ།། གཙོ་འཁོར་དེ་རྣམས་ཐམས་ཅད་ཀྱང་ཡིན་མིན་སྤང་བླང་མེད་པའི་ཏིང་ངེ་འཛིན་རྡོ་རྗེ་སྙིང་པོ་རྒྱ་ཆད་མེད་པར་གནས་པ་ལ། འཁོར་དེ་དག་གི་ནང་ནས་རྡོ་རྗེ་སེམས་དཔས་ཁྲོ་བོ་ཟློག་ན་རྡོ་རྗེ་མངོན་པར་སྤྲུལ་ཏེ། སྟོན་པ་རྡོ་རྗེ་འཆང་བ་ལ་གཡས་ཕྱོགས་སུ
160b7 བསྐོར་བ་ལན་གསུམ་བྱས་ཏེ་ཡན་ལག་ལྔས་ལ་ག་ཏུགས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐའ་སྦྱར་རྡོ་རྗེ་བཟུང་སྟེ། རྡོ་རྗེ་འཆང་བ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་།། རྡོ་རྗེའི་དབྱིངས་ན་ཀུན་བདེ་སྟེ།། ཁམས་གསུམ་འགྲོ་དྲུག་ཀུན
iiif viewer powered by OpenSeadragon
160a - 161a