| | e-texts navigator
|
159a1 @#། སྣང་བ་མེད་པར་ཟག་བཟང་པའི་ལྟ་བ་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།། ། དེ་ནས་ཡང་བཀའ་སྩལ་པ། རྡོ་རྗེ་འཛིན་པའི་འཁོར་འདུས་ཉོན།། མཐོང་ངམ་མཐོང་ན་མཐོང་བས་ལྟོས།། མཐོང་བ་མེད་ན་ཅི་ཞིག་བསྒོམ།། དཔེར་ན་རྒྱས
159a2 འོང་འགའ་དག་གིས།། གླང་ཆེན་རྩལ་ལྡན་ལག་ནོམས་ནས།། སྣ་དང་མཇུག་མ་ནང་ལག་རྒྱབ།། རང་རང་གང་རེག་བསྒོམ་པ་འདྲ།། བསྒོམ་པས་བླང་ཆེན་རིང་དུ་སྤངས།། ལྟ་བའི་གནས་ལུགས་མཚོགས་པར།། སྒོམ་པ་བྱེད་པའི་རྒྱན་པོ་རྣམས།། དསུས་འོ
159a3 བསྒོམ་པ་འདྲ།། དེ་བས་མཁས་པས་ལེགས་པར་ལྟོས།། རྨི་ལམ་སྨོས་ཞིག་མཐོང་བན།། རྨིལ་མ་ཤེས་ནས་རྨི་ལམ་བསྒོམ།། མེ་ལ་མགོམས་པ་བསྒོམ་པ་ཡིན།། སྒྲ་མ་མཛོད་ན་སྒྱུམ་བསྒོམ།། སྒྱུ་མའི་གཟུག་དང་འི་སྒྲ།། རྒྱ་མའོདྲོ་དང་སྒྱུ་མ་རོ།། ལྷ་མའི་རེག་དང
159a4 སྒྱུ་མའི་ཆོས།། སྒྱུ་མ་ལེགས་པར་མཐོང་བ་ན།། སྒྱུ་མ་འདྲིས་པ་བསྒོམ་པ་ཡིན།། བསྒོམ་པར་གྱིས་ཤིག་སྒྱུ་མ་ལས།། སྒྱུ་མར་སྤྱོད་ཤེས་སྒྱུ་མ་ཡིན།། སྒྱུམ་འབྲས་མེད་འབྲས་བུ་ཡིན།། དེ་བཞིན་རྨི་ལམ་སྨིག་ཏུ་རྣམས།། དེ་ལྟར་མཁས་པས་ལེགས་པར་ལྟོས།། མཐོང
159a5 ངམ་མཐོང་ན་ལྟ་བ་ཡིན།། དེ་དག་གོམས་ན་སྒོམ་པའོ།། གཉིས་མེད་སྤྱད་ན་སྤྱོད་པ་ཡིན།། འདུ་འབྲལ་མེད་པ་འབྲས་བུའོ།། ཞེས་གསུངས་སོ།། དེ་ནས་རིག་འཛིན་དགེ་མཐོང་དེས།། སངས་རྒྱས་རྡོ་རྗེ་སེམས་དཔའ་དང་།། མགོན་པོ་རྡོ་རྗེ་འཛིན་པ་ལ།། འཛུམ་པའི
159a6 མདངས་ཕྱུང་ཀུས་བཏུང་ནས།། རྒྱལ་བའི་ཚོགས་ལ་འདི་སྐད་གསོལ།། དྲུག་གི་དཀྱིལ་འཁོར་གཉིས་འདུས་ལྷར།། བདག་འདྲ་མ་རིག་ཏོག་པ་ཡིས།། ཡང་དག་ཉིད་ལ་ལོག་བལྟས་ནས།། རྩ་བའི་དམ་ཚིག་ཉམས་པའི་ཚོགས།། མེ་འཆབ་མི་སྦེད་མཐོལ་ལོ་བཤགས།།
159a7 སྔན་ཆད་བསྡམ་མོ་དབང་མཛོད་ཅིག། སྔར་བས་གོང་དུ་ཅི་བགྱིས་པ།། ལུས་ངག་ཡིད་ཀྱི་འབད་རྩོལ་གྱིས།། ཕ་རོལ་ཕྱེན་ཏུ་གཉམས་བླངས་ནས།། འགྱོད་ཚངས་དཔང་གསོལ་ཞི་ཁྲོའི་ལྟར།། ལུས་ངག་ཡིད་གསུམ་མོས་ཕྱག་བཤགས།། བྱིན་རླབས་སྔགས་མཆོག་བ
iiif viewer powered by OpenSeadragon
158b - 159b