e-texts navigator
Collection
Volume
Page
Wylie

151a1 གས་པག་ནས་གང་རྣས།། བང་ས་ད་ནས་འཕྱག་མ།། མདགསམ་མམས་དགརྟེན་ཡང་བྱམས་།། པ་དང་ང་བྱུ་བ་ང་། གྱུ། དྲན་མ་རླབས་སཐས་ན་ན
151a2 གནོན་ཐོ་བོ་བརྒྱང་ལ་ཕྱག་འཚལ་ལོ།། ཤེས་རབ་སེམས་མ་ཡུལ་ཀྱི་གཞལ་ཡས་འདིར།། རང་བྱུང་ཡེ་ཤེས་ཐུགས་ལས་སྭ་སྦལ་བ།། ཟིལ་གནོམ་དྲོམ་བརྒྱད་ལ་ཕྱག་འཚལ་ལོ།། འཁོར་བའི་ལས་ཉོན་དུག་ཅིང་ཁབ་ལ།། ཐབས་ལྡན་འབྲལ་གྱི་ཕྱག་མཚན་པ་ཆགས
151a3 ཀྱིས།། འགྲོ་དྲུག་གནས་ནས་འདྲེན་པའི་དོན་མཛད་པ།། ཡེ་ཤེས་སྒོམ་བཞིལ་ཕྱག་འཚལ་ལོ།། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་ཧུད་ལས། བརྒྱ་དབང་གི་ལེའུ་སྟེ་དགུ་པའོ།། ། དེ་ནས་ཡང་ཅིག་སེམས་དཔས་བཀའ་བྲལ་བ།། ཧོ། ཐབས་ལྡན
151a4 ཤེས་རབ་གཉིས་མེད་བྱང་ཆུབ་སེམས།། ཕྱོགས་བཅུའི་ཁྲོ་བོ་ཀུན་གྱི་འབྱུང་གནས་ཡུམ།། དཔལ་ཆེན་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ།། ཕྲིན་ལས་རྣམ་པ་ཞེས་དགྲ་བགེགས་འདུལ་མཛད་ཅིང་།། ཡེ་ཤེས་ཕུང་པས་ཐམས་ཅད་དབྱིངས་སུ་འདེབས།། སྲས་མཆོག་རིགས་བསྔལ
151a5 ཚོགས་ལ་ཕྱག་འཚལ་ལོ།། ཕྱོགས་བཅུ་དྲེགས་པ་བསྐོལ་བའི་གདན་སྟེང་ན།། ཧཱུཾ་དང་ཊ་ཀྱིས་སྲིད་གསུམ་འཁོར་བ་འཇིག། ཕྱོགས་བཅུ་ཁྲོ་བོ་བཅུལ་ཕྱག་འཚལ་ལོ།། བདེ་ཆེན་དབྱིངས་ལས་ཁྲོ་མར་ཚོགས་སུ་བསྟན།། ཁྲོ་བོའི་སྲུལ་སོ་སོང་དགྱེས་པར་འཐིལ།། ཕ་རོས་ཕྱིན་ས
151a6 སལ་བསྐྱེད་རྫོགས་སྦྱོར།། ཡེ་ཤེས་ཁྲོ་མོ་བཅུལ་ཕྱག་འཚལ་ལོ།། འབར་བའི་ཕོ་ཉ་མཆེ་ག་ཤོག་སྤྲུལ་པའི་ཚོགས།། ཅི་བགྱིའི་བཀའ་ཉན་ཡང་སྦལ་ལས་བྱེད་པ།། འཇིག་རྟེན་ལ་ལོ་བསྒྱུར་བའི་ཕོ་ཉ་མཆོག། ཟ་བྱེད་ཕ་བཅུའི་ཚོགས་ལ་ཕྱག་འཚལ་ལོ།། དྲག་པོའི་ལས་མཛད་ལྔ
151a7 མེན་མགོ་བརྟན་ཅན།། མི་བཟད་རྔམ་པ་ཟ་བྱེད་མགྱོགས་མ་འཚོགས།། ཐུགས་ཀྱི་སྤྲུལ་བས་ཕྱག་ཏུ་སྣ་ཚོགས་སྟོན།། གསོད་བྱེད་པ་བཙུད་ཚིགས་ལ་ཕྱག་འཚལ་ལོ།། ཏིང་ངེ་མ་ཐལ་ལས་བྱེད་དུ་འཕྲུལ་ཅན།། ཐོགས་མེད་ཀུན་ཏུ་ཆུ་བའི་ལོ་གར་བསྟན།། སྒོ་བཞི་རེ་ལས




iiif viewer powered by OpenSeadragon

150b - 151b

Texts on this page

Gdg001.15 - rdo rje sems dpa' yi ge brgya pa dbang mchog rgyal po'i rgyud