e-texts navigator
Collection
Volume
Page
Wylie

149a1 ། ཆོ་ག་ཉི་ཐཧཱ།། མ་སྲང་སྔ་ད་བྱུང་བ་ལྔ།། སྐད་བྱ་ལྔ་དང་བསྲུབརྒྱ་ལྔ།། གཞན་ཡང་ཉིང་ལག་བས་མ་ལས་འདས།། འགྲམ་སྡེ་ལ་སོགས་དམ་ཚིག་ཀྱང་།། རྩ་བ་ཡན་ལག་ཤེས་པར་བྱ།། བསྟན་བསྲུབ་རྣམ་བཞ་སྐོར་ཞུགས་ནས།
149a2 དམ་ཚིག་དེ་དག་བསྲུང་བར་བྱ།། ལེགས་པར་བསྲུང་དང་བསྲུང་དུ་མེད།། ཡན་ལག་ཉི་ཤུ་རྩ་ལྔ་ཡང་།། རྩ་བའི་དམ་ཚིག་གསུམ་དུ་འདུས།། ལུས་ངག་ཡིད་གསུམ་བག་ཡོད་བྱ།། ཆག་ཉམས་ཐམས་ཅད་གསུམ་ལས་འབྱུང་།། སྐུ་གསུང་ཐུགས་ནི
149a3 ལུས་ངགྲ་ཡིད།། ཕྱིར་བརླབ་བཤགས་སྲུང་སྤྱང་སྲུབ་དང་།། རང་འཁྲུངས་རྡོ་རྗེ་གསེར་ཉིད་དོ།། ཡིད་ཀྱི་སྒོ་ནས་ཆག་ཉམས་ན།། ཐུགས་ཀྱི་ལྟབས་བཤགས་པར་བྱ།། ལྟ་བ་ལོག་པ་ཉམས་པ་ཆེ།། ཡིན་པ་མེད་པ་ལྟ་བའི་མཆོག། ཡིད་ཀྱི་བཤགས་ཐབས་ཆེན་པོ་ཡིན།།
149a4 ལུས་ཀྱི་སྒོ་ནས་ཆག་ཉམས་ན།། ཕྱག་རྒྱ་སྐུ་ཡི་བསྒོམ་པས་བཤགས།། ཕྱོགས་སུ་འཛིན་པ་ཉམས་པ་ཆེ།། ཡེངས་པ་མེད་པ་བསྒོམ་པའི་མཆོག། དགེ་ལས་ལུས་ཀྱི་བཤགས་ཐབས་ཡིན།། ངག་གི་སྒོ་ནས་ཆག་ཉམས་ན།། སྔགས་དང་བཟླས་བརྗོད་སྤྱད་པས་བཤགས།
149a5 ཚུཚུལ་འཚེས་སྤང་བླང་ཉམས་པ་ཆེ།། ཡིན་མིན་མེད་པ་སྤྱོད་པའི་མཆོག། མཛད་སྤྱོད་དག་གི་བཤགས་ཐབས་ཡིན།། དེ་ལྟར་དམ་ཚིག་གསུམ་བཤགས་ན།། ཉི་ཤུ་རྩ་ལྔ་བཤད་པ་རྣམས།། ཐམས་ཅད་མ་བྱུང་མ་སྐྱེས་ཏེ།། ཡན་ལག་དམ་ཚིག་བཤགས་སུ་མེད།། ཅི་ཕྱིར
149a6 བསྲུང་བྱ་སྲང་བྱེད་མེད།། སྐྱེ་མེད་དམཆོག་ཤེས་པར་གྱིས།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱབཔ་དབང་མཆོག་རྒྱལ་པོའི་རྒྱུད་ལས། དམ་ཚིག་མཚོན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་དང་།། ལག་ན་རྡོ་རྗེ་སེམས་ཅན་ལུས་སྲུལ
149a7 བ་དེ་ཉིད་ཀྱི་མདུན་དུ་བྱོན་ཏེ། མནར་མེད་ཉམ་ཟག་དེ་ལ་འདི་སྐད་ཅེས་སྨྲས་སོ།། ནར་ཀ་བུདྷ་ཛཀྵཱ་ཨ་བེ་ཤ་ཡ་ཨ། ཞེས་བསྒྲགས་པས། དེ་ནས་ལས་ངན་སེམས་ཅན་དེས།། སྔོན་གྱི་ལས་ངན་དྲན་གྱུར་ཏེ།། སྡུག་བསྔལ་གནོང་ནས་འགྱོད་པ་སྐྱེས།། རྡོ་རྗེ་ཉིད་ལ་ངོ་སྡད་དེ།།




iiif viewer powered by OpenSeadragon

148b - 149b

Texts on this page

Gdg001.15 - rdo rje sems dpa' yi ge brgya pa dbang mchog rgyal po'i rgyud