| | e-texts navigator
|
147b1 དེ་ནས་རྡོ་རྗེ་སེམས་དཔའ་དང་།། སྩལ་པ་ལག་ན་རྡོ་རྗེ་ཡིས།། འཇིག་རྟེན་རྒྱལ་བ་རབ་འབྱམས་དང་། རྒྱལ་སྲས་སྤྲུལ་པ་འདུས་རྣམས་ལ།། དམ་ཆོག་རྩ་བ་ཉམས་པ་ཡི།། རླབ་མས་སློབ་དཔོན་ཉེས་བྱས་ཏེ།། འདུལ་ཏེ་དྲང་བའི་དུས་པ་བསམ།། གདུལ་བྱར་ཐུགས་རྫ
147b2 གཟིགས་པ་དང་།། ཉེས་སྐྱོན་སྔོན་གྱིད་ཅི་ཡི་རྒྱུ།། ཅེས་པ་མཁྱེན་བཞིན་སྤྲས་པ་དང་།། ཀུན་བཟང་རྡོ་རྗེ་རྣམ་སྣང་གིས།། སྐུལ་པ་ཉིད་ལ་བཀའ་སྩལ་པ།། རྒྱལ་སྲས་འཁོར་འདུས་སྔོན་བྱུད་ནི།། འཇིག་རྟེན་ཞིང་ཁམས་མི་མཛེདང་དེར།། བྲམ་ཟེ་དུང་གི་ཕྲེང་བ་ཅན།། རྐྱལ
147b3 པ་རྣམས་ལ་བསྙེན་བཀུར་བས།། རིག་པའི་གནས་ལྔ་ལ་མཁས་པ།། བྱང་ཆུབ་སེམས་དཔའི་རིག་ཅན་གཅིག། བས་མཐའི་དུར་ཁྲོད་གནས་ན་བསྒྲུབ།། མཁས་པ་ཀུན་གྱི་སེང་གེར་གྱུར།། དེ་ལྟ་བུ་ཡི་སློབ་དཔོན་ལ།། ཡུལ་ཁམས་སྐྱོང་བའི་རྒྱལ་པོའི་དུས།། བློ་སྦྱོང་རིག་པ
147b4 རྫོགས་བྱས་ནས།། རྒལ་པོའི་གོང་ན་བྲམ་ཟེ་གནས།། རྒྱལ་བུ་ཕྲག་དོག་ངན་སེམས་སྐྱེས།། བླ་མི་བྲམ་ཟེ་སྒྲུབ་པ་ལ།། མཁའ་འགྲོའི་ཚོགས་ཀྱིས་བརྡའ་བརྟན་པ།། རྣལ་འབྱོར་གསེར་སྣོད་ངན་དུག་གཡོ།། དུག་ཅན་སྣོད་ལ་བྲོས་པར་འོས།། མ་བྲོས་ཉེས་སྐྱོན་ལས་སིམ
147b5 འབྲལ།། ཅེས་པ་དམ་ཚིག་བརྡའ་བསྟན་ཡང་།། རྣལ་འབྱོར་པས་ནི་བསམ་གཏན་མཛད།། དེ་ནས་རྒྱལ་བུས་བྲམ་ཟེ་བོས།། མྱོས་ཆད་བུད་ནས་རྔན་བྱས་པ།། དབང་པོའི་དངས་མ་གསལ་བྱེད་མིག། ལྕགས་ཀྱི་ཐར་མ་ཕྲ་མོས་གཙགས། ཚིག་སྒོ་གསལ་བྱེད་སྨྲ་བའི
147b6 སྔགས་ཀྱུས་དྲངས་ཏེ་སྤུ་གྲིས་བཅད།། ལུས་ལ་དུས་སྤེལ་ཁྲག་གིས་གླགས།། མི་གཙང་དམ་པའི་བུད་མེད་ཀྱིས།། ལུས་ལ་བརྫི་བཅག་མོ་ཉེ་བར་བྱས།། རྐང་པའི་སྦྲིད་པ་མཚོན་གྱིས་བཅད།། ལག་པའི་སྲན་ཚེ་དེ་བཞིན་བྲེགས།། དེ་ལྟར་རྔན་བྱས་བཞག་པ་ན།།
147b7 ཟེ་དྲན་པསད་པལས།། མིག་དབྱེར་མིག་མེད་ཁྲི་ཡང་མེད།། འགྲོ་བ་ཡིན་མེད་ལུས་སྟོངས་བྲལ།། བུད་མེན་གྱིས་འརྫིས་འགྲལ་སྤོབས་མེད།། དུས་སྦལ་ཁྲག་ཟུགས་ཚུའུར་དང་།། རྐང་པ་ལ་སོགས་ནད་རྣམས་བྱུང་།། དྲན་པ་རང་ཡང་རང་རིང་འདུག། རྟངས་ཏེ་བྲར་ཟས
iiif viewer powered by OpenSeadragon
147a - 148a