e-texts navigator
Collection
Volume
Page
Wylie

146b1 ཏུ་།། དང་བ.རིགས་སའི་རྟགས་ལབས།། གུས་པ་རིགས་པརྒྱང་གད་ང།། ད་གས་ས་ཇས་ནས།། མགས་ཅུ་པར་ཇུག་འརྗོད་དཔ། མགས་པང་བྱ་བྱུང་།། ཐམས་ཅག་མམས་ཅད་དས་བླང་བས།། བཞགས་ཅ
146b2 ཆུད་དུ་རུང་།། འགྲོ་དྲུག་གནས་ནས་འདིས་དྲངས་པས།། འཁོར་བདོད་སྦགས་རྒྱུད་དུ་ཟུང་།། ཐམས་ཅད་སྒྱུ་མར་ལ་ཟློས་པོས།། སྒྱུམ་མཉམ་ཉིད་རྒྱུད་དུ་ཟུང་།། སྣང་སྲིད་ལྷ་དང་དཀྱིལ་འཁོར་དུ།། བསྙེན་བསྒྲུབ་བསྐྱེད་རྫོགས་དམཆོག་སྔགས།། ཕྱག་རྒྱ་དབང
146b3 རྒྱུད་ལུང་དང་།། འཁོར་འདས་ཐམས་ཅད་བལྟས་པས་མཐོང་།། ལྟ་བ་དབང་མཆོག་རྒྱུད་དུ་ཟུང་།། མཐོང་ནས་བསྒོམ་དུ་མེད་པས་ན།། སྒོམ་པ་དབང་མཆོག་རྒྱུད་དུ་ཟུང་།། སྤྱོད་ནས་སླད་དུ་མེད་སྤྱོད་པས།། སྤྱོད་པ་རྒྱལ་པོའི་རྒྱུད་དུ་དྲང་།། མཐོང་བས་དཔུང་འདྲས་སེ
146b4 བས།། འབྲས་བུ་དབང་མཆོག་རྒྱུད་དུ་ཟུང་།། ཉམས་སྒྲིབ་ཐམས་ཅད་འདིས་འདག་པས།། དམ་ཚིག་ཁྲུས་ལུང་རྒྱུད་དུ་ཟུང་།། འཁོར་ཚོགས་འདུས་པ་ཁྱེད་རྣམས་ཀྱིས།། དབང་མཆོག་རྒྱལ་པོའི་རྒྱུད་འདི་ནི།། དུས་ངན་ཐ་མ་དུས་དག་ཏུ།། སྔགས་པས་དམ་ཚིག་མེ་བཀྲུང
146b5 པས།། ལས་ཀྱི་འབྲས་བུ་ངན་སོང་འཁོར།། ཟང་ཟིང་ནོར་གྱིས་མིག་བྲེད་ནས།། ན་རག་གནས་སུ་འཁོར་བྱེད་ནས།། དེ་དུས་ཡིས་རྒྱུད་འདི་འབྱུང་།། དཔེར་ན་ནོར་བུ་རིན་ཆེན་འདྲ།། དབུལ་དང་ནད་དང་འཇིགས་པ་མེད།། ཐར་པའི་ལམ་སྐས་བྱེད་པར་ངེས།། དཔེར
146b6 ན་མཁའ་ལ་ཉི་ཤར་འདྲ།། མུན་པའི་སྨག་ལ་གསལ་བའི་རྐྱེན།། ཉི་ཟླ་ལྟ་བུ་རྟོག་བྱེད་ངེས།། དཔེར་ན་མེ་དང་ཤིང་ལྟ་བུ།། ཤིང་ཉིད་མཽ་ཡི་གྲོགས་སུ་ངེས།། ཀྱེ་ཧོ་ན་མ་མཁའི་མཐོང་ན་འབྱུང་བ་གནས།། ས་ཆུ་མེ་རླུང་གང་ཡང་སྡང་།། ཐམས་ཅད་ནམ་མཁའི་དང་དུ་ཐིམ།
146b7 ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ།། རིག་འཛིན་རྒྱལ་པོ་དགེ་མཐོང་ལ་སོགས་པའི་འཁོར་རྣམས་ཀྱིས་མངོན་པར་བསྟོད་དེ་རྗེས་སུ་ཡི་རང་ངོ་།། སྤྲུལ་པ་རྣམས་ནི་མངོན་པར་བསྡུས་ཏེ། རྡོ་རྗེའི་སྦལ་སྐུལ་གཏད་དོ།། ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་ཆུད་ཅེས་བྱ་བ་ལེང




iiif viewer powered by OpenSeadragon

146a - 147a

Texts on this page

Gdg001.14 - rdo rje sems dpa' yi ge brgya pa dbang mchog rgyal po'i rgyud