| | e-texts navigator
|
144b1 མེད་དུ་བདེན་པ་གཅིག་ཀྱང་མེད།། མིང་ཙམ་འདི་ཞེས་བསྟན་པ་ནི།། རྡོ་རྗེ་སེམས་དཔས་མཚོན་དུ་མེད།། སྣང་བ་ཡོད་མེད་འཁྲུལ་མ་འཁྲུལ།། འཁྲུལ་ན་འཁྲུལ་པ་བདེན་ན་མརྫུན།། བདེན་ན་འཁྲུལ་པ་སུ་ལ་བདེན།། འཁྲུལ་པ་བརྫུན་ན་དེ་ཀས་མེད།། མ་འཁྲུལ་པ་ལ་སྣ
144b2 ཟེར་སུ།། ཟེར་ན་ཟེར་མཁན་འཁྲུལ་པ་ཡིན།། དེས་ན་ཆོས་ཅན་དངོས་པོ་མེད།། ཡོད་ན་དངོས་པོ་གཏན་ལ་ཕོབ།། གཏན་ལ་ཕབས་ནས་དངོས་པོ་གང་།། དངོས་པོར་འདོད་པ་བློ་ཕུགས་ཅན།། བློ་ཞུགས་གང་ལྟར་བྱས་ཀྱང་འཁྲུལ།། བློ་ཞུགས་གདི་བ་ཅིག་སྐལ་ལྡན་བུ།།
144b3 དགེ་དང་སྡིག་པ་ཡེ་ནས་མཉམ།། ཅི་ཕྱིར་བློ་ཞུགས་གྲོལ་ཕྱིར་རོ།། བློ་བཟང་དགེ་བས་གཏོང་དུ་མེད།། སྡིག་པས་གནོད་པ་སྐྱེལ་པ་མེད།། ཅི་སྟེ་མཚན་མ་མེད་པས་སྨོན་པ་མེད།། སྟོང་པ་ཉིད་ལ་ཕན་གནོད་མེད།། བག་ཆགས་བཟང་རྟོག་ངན་རྟོག་ཡིན།། རྟོག་པས
144b4 ནམས་ཀྱང་འཁོར་བར་བྱེད།། འཁོར་བའི་ནང་ནས་ཁྱད་པར་ཆེ།། དགེ་བ་སྤྱོད་ཅིག་རིགས་ཀྱི་བུ།། བག་ཆགས་རོ་དང་བྲལ་བར་གྱིས།། བག་ཆགས་རོ་དང་མ་བྲལ་ན།། འཁོར་བའི་གཟུངས་ཟག་མི་ཆོད་དོ།། སྐྱེ་བའི་རྟེན་ཕུང་ཕྲང་རེ་ཀ་ན།། ཞེས་གསུངས་སོ།། དབང་མཆོག་རྒྱ
144b5 པོའི་རྒྱུད་ལས། རྟོག་པ་ཐེ་ཚོམ་གྱི་གེགས་བསལ་བས་ཆོས་སུའི་ཞལ་མཐོང་བའི་ལེའུ་སྟེ་བཅུ་བདུན་པའོ།། ། དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འཛིན་པའི་འཁོར།། དཔེར་ན་སྣང་བ་སྣ་ཚོགས་ཀྱང་།། སྒྱུ་མའི་ཆོ་འཕྲུལ་ཇི་བཞིན་ནོ།། སྒྱུ་མའི་དངོས་པོ་གང་གིས
144b6 བྱེད།། སྒྱུ་མརྟེན་འབྲེལ་སྐྱེ་བ་མེད།། དཔེར་ན་སྐྱེས་བུ་གཉིད་ལོག་ན།། རྨི་ལམ་དགེ་སྡིག་ཆོ་འཕྲུལ་ནི།། དངོས་པོར་སྣང་བ་ཇི་བཞིན་ནི།། ཉིན་པར་བག་ཆགས་མཚན་བྱུང་བ།། དེ་ལ་དངོས་པོ་ཡོད་དམ་མེད།། དཔེར་ན་གོང་གི་རྨི་ལམ་ན།། སྐྱེས་བུ་མཚོན་ཐོགས་མང་པོ
144b7 ཡིས།། བདག་གསོད་འཐབ་མཁོན་རིལ་དེད།། བྲེད་སྔངས་ངལ་ཆད་ཤི་ཉེར་བྲོས།། སད་པར་གྱུར་ན་དེ་ཅིར་སྣང་།། དེ་ཕྱིར་སྣང་བའི་དངོས་པོ་འདི།། རི་རབ་གླིང་བཞི་འབྱུང་བ་ཀུན།། དགྲ་གཉེན་ཆགས་སྡང་སྡུག་བསྔལ་ཀུན།། སྒྱུ་མང་མརྨི་ལམ་ཇི་བཞིན་ནོ།། ཡོད་ན
iiif viewer powered by OpenSeadragon
144a - 145a