| | e-texts navigator
|
140a1 ཨལ་ལ་\ུ0f7f། ཞེས་སྙམས།། ད་ནས་དུས་གསུམ་གྱིས་ས་རྒྱས་རྣམས་ཀྱིས། རྡོ་རྗེསེམས་དཔའ་མ། ཐུགས་ཀྱི་ཡང་སྲིང་བ་དག་ད། ཤིན་ན་ལགས་ས།། བཤགས་པ་རྒྱ་རྣམ་ཐགསས་ཟགས་ས།། ག
140a2 དབང་མཆོག་རྒྱལ་པོའི་རྒྱུད་ལས། ཡང་སྙིང་གསང་སྔགས་བཤགས་པའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་ཕྱག་ན་རྡོ་རྗེ་ཡིས།། ལས་ངན་སེམས་ཅན་དེ་ལ་ནི།། སྔགས་ཀྱི་སྣོད་དུ་རུང་བྱའི་ཕྱིར།། དང་པོ་སེམས་བསྐྱེད་དང་བྱས་ནས།། བུམ་པའི་ལྷ་ཡི་དབང
140a3 དང་།། ན་ར་ཀ་གནས་ནིས་དྲང་བ་ཡི།། གསང་བ་སྔགས་ཀྱི་དབང་བསྐུར་རོ།། བུམ་མ་རྫས་དང་ལྡན་ཐོགས་ནས།། ལས་ངན་དེ་ཡེ་གཙུག་ཏུ་བཞག། རིག་པའི་ཚིགས་བཅད་འདི་བརྗོད་དོ།། ཧཱུ~ཾ་ཀུན་བཟང་ཡབ་ཡུམ་བུམ་པ་ན།། རྒྱལ་བཞི། ཁྲོའི་ལྷ་ཚོགས་བཞུགས།། སེམས
140a4 ། ཅན་ཁྱོད་ལ་དབང་བསྐུར་བས།། ན་ར་ཀ་སྟག་བསྔལ་བྲལ་བར་ཤོག། དུ་ད་ཧ་ད་ཧ་སརྦ་ནར་ཀ་ག་ཏེ་ཧེ་ཧུཾ་ཧཱུཾ་ཕཊཿཧཱུཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་སིདྡྷི་ཀྵེ་པ
140a5 ཡཛྫ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུ~ཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མྲཉྩ། བཛྲཱི་བྷ་བ་མ་ཧཱ་ས་མ་ཡ། བཛྲ་སཏྭ་ཨ། ཛྲཱྀཾ་བཛྲ་ཨོཾ་བྷི་ཥིཉྩ་ཧཱུ~ཾ་ཞེས་དབང་བསྐུར་བས། དུས་དེར་ན་ར་ཀ་གི་གནས་དེ་སྤྲུགས་པར་འགྱུར་རོ།། དབང་མཆོག
140a6 རྒྱལ་པོའི་རྒྱུད་ལས། ན་ར་ཀ་དོང་སྐྱུགས་ཀྱི་ལེའུ་སྟེ་དགུ་པའོ།། །། དེ་ནས་སེམས་ཅན་ལས་ངན་དེ།། ཡི་དྭགས་གནས་སུ་ཡང་སྐྱེས་ཏེ།། ཕྱི་ནང་གཉིས་ཀའི་སྡུག་བསྔལ་མྱོང་།། རྣམ་སྨིན་ཡི་དྭགས་ཆེན་པོར་གནས།། དེ་ནས་ལག་ན་རྡོ་རྗེ་ཡིས།། ཡི་དྭགས་དེ་ཡི
140a7 རྩར་ཕྱིན་ནས།། ལས་ངན་དེ་ལ་འདི་སྐད་བསྒྲགས།། པྲེ་ཏ་ཀ་ཙུཊྚ་པྲ་བེ་ཤ་ཡ་ཨ། དེ་སྐད་རྣ་བར་བསྒྲགས་པ་ཡིས།། སྔོན་གྱི་ལས་ངན་ཡོངས་སུ་དྲན།། ཀྱེ་མ་ཀྱེ་ཧུད་མགོན་པོ་ཡིས།། ཐུགས་རྗེས་ཟུངས་ལ་བདག་སྐྱོབས་ཤིག། བདག་ལུས་ཕྲལ་ལ་བདེ་ལ་འབོད།།
iiif viewer powered by OpenSeadragon
139b - 140b