e-texts navigator
Collection
Volume
Page
Wylie

137b1 ཀྱིས་ལུས་ངག་ཡང་།། བྱིན་བརྒྱབ་བཤགས་སྲུང་སྣང་བསླབ་དང་།། རང་གཁྲང་རྡོ་རྗེགས་ཉིད་དེ།། ཡིད་ཀྱི་གནས་ཆག་ཉམས་བྱུང་།། ཐུགས་ཀྱི་སྟབས་བཤགས་པར་བྱ།། ལྟ་བ་མག་པ་ཉམས་པ་།། ཡིན་པ་འདབ་རྣམ་།། ཡིད
137b2 ཐབས་ཆེན་པོ་ཡིན།། ལུས་ཀྱི་སྒོ་ནས་ཆག་ཉམས་ན།། ཕྱག་རྒྱ་སུ་ཡི་བསྒོམས་པས་བཤགས།། ཕྱོགས་སུ་འཛིན་པ་ཉམས་པ་ཆེ།། ཡངས་པ་མེད་པ་སྒོམ་པའི་མཆོག། དེ་ནི་ལུས་ཀྱི་བཤགས་ཐབས་ཡིན།། ངག་གི་སྒོ་ནས་ཆག་ཉམས་མ
137b3 སྔགས་དང་འདོན་བརྗོད་སྤྱོད་པས་བཤགས།། ཚུལ་འཆོས་སྤང་བླང་ཉམས་པ་ཆེ།། ཡིན་མིན་མེད་པ་སྤྱོད་པའི་མཆོག། མཛད་སྤོད་དག་གི་བཤགས་ཐབས་ཡིན།། དེ་ལྟར་ངམ་ཚིག་གསུམ་བཤགས་ན།། ཉི་ཊཿ་ལྔ་མ་གྲུབས་བྱས་ཏེ།། ཡན་ལ
137b4 ཚིག་བཤགས་སུ་མེད།། ཅི་སྟེ་བསྲུང་བྱ་ལུང་བྱེད་མེད།། སྐྱེ་མེད་དམ་ཚིག་ཤེས་པར་གྱིས།། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། དམ་ཚིག་མཚོན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་དང་ལག་ན་རྡོ་རྗེས་སྲ
137b5 དེའི་གམ་དུ་གྱོན་ནས་མནར་མེད་ཉམ་ཐག་དེ་ལ་འདི་སྐད་ཅེས་བསྒྲགས་སོ།། ན་ར་ཀ་བྷ་ཏ་ཙཀྵ་པྲ་བེ་ཤ་ཡ་ཨ་ཞེས་བསྒྲགས་པས། དེ་ནས་ལས་ངན་སེམས་ཅན་དེས།། སྔོན་གྱི་ལས་ངན་དྲན་གྱུར་ཏེ།། སྡུག་བསྔལ་གནོད་ནས་འགྱོད་པ་སྐྱེས།། རྡོ་རྗེ་གཉིས་ལའོ་སླད་ན།
137b6 ཀྱི་མ་ཀྱེ་ཧུང་ཀྱི་ཧུད་ནོངས།། འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག། ཐབས་མཆོག་རྒྱལ་པོ་བསྒག་ཏུ་གསོལ།། སླད་ནས་མེ་འཆབ་མི་བགྱིད་དོ།། ཞེས་ལྡེ་སྔགས་ཕྱུང་བ་ལས། དེ་ནས་སངས་རྒྱས་རྡོ་རྗེ་སེམས་དཔས་སེམས་ཅན་ལས་ངན་དེའི་རྣ་ལམ་དུ་འགྱོ
137b7 ཚངས་ཀྱི་རྒྱལ་པོན་ངག་དོང་སྡུག་འདི་བཀའ་སྩལ་བ། ཉོན་ཅིག་ལས་ངན་སེམས་ཅན་ཁྱོད།། འགྱོད་སེམས་ཕྱུང་ལ་ཡིད་གཏོད་ཅེག། ངག་སྒོགས་ལ་བརྗོད་བརྐྱང་ཕྱག་འཚལ།། ཞེས་གསུངས་ནས་འདི་བརྗོད་དོ།། དུས་གསུམ་འཇིག་རྟེན་རབ་འབྱམས་ཀྱི།། རྒྱལ་བ




iiif viewer powered by OpenSeadragon

137a - 138a

Texts on this page

Gdg001.14 - rdo rje sems dpa' yi ge brgya pa dbang mchog rgyal po'i rgyud