e-texts navigator
Collection
Volume
Page
Wylie

137a1 ། ཆད།། གསང་སྔགས་པ་མད་རྡ་རྡལ།། ཐབས་མཆོག་ལྡན་མེད་པ་བཞུགས།། ཉན་རྫས་དང་སྦྲུལ་ས་ཐས་ན།། དཔེར་ན་ཉན་ཐོས་འདུལ་ཁྲིམས་ནི།། རྫགས་ས་མ་བཏང་བ་འདྲ།། ཆག་པར་གྱུར་ནགས་ཐབས་མེད།། གསང
137a2 ཐེག་པ་འདི།། རིན་ཆེན་གསེར་འདྲ་རྒྱ་མཆོག་བཟང་།། གསེར་དངུལ་སྣོད་འདྲ་ཞོམས་ཡང་བཅོས།། སྔོན་མ་བཞིན་དུ་ལེགས་པར་སོས།། དེ་བཞིན་གསང་སྔགས་དམ་ཚིག་གི།། ཉམས་ཆག་བྱང་ཡང་གསོ་ཐབས་ཡོད།། སྦྱང་ཐབས་ཡངས་སོ་ཐབས
137a3 གོ་མང་།། རྣལ་འབྱོར་སྤྱི་ཁྲུས་ངན་སོང་དོང་སྡུག་བརྗོད།། དབང་མཆོག་རྒྱུད་དྲུག་སྟེ་སྒོ་ཆོད།། ཡུལ་མེད་སྒྲོ་འདོགས་གཉིས་མེད་ཆོད།། ཅེས་ལུང་བསྟན་ནོ།། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ལས། ཉམས་པགས་ཐབས་ལུང་བསྟན་པ
137a4 སྟེ་གསུམ་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་དང་།། ལག་ན་རྡོ་རྗེ་འཛིན་པ་ཡིས།། སངས་རྒྱས་སྦེང་ལ་འདི་སྐད་གསོལ།། ཀྱེ་ཀྱེ་རྒྱལ་བ་རྒྱ་མཚོའི་ཚོགས།། གསང་སྔགས་བླ་མེད་རྡོ་རྗེ་ལ།། དམ་ཚིག་བསྡུས་རྒྱས་ཇི་ལྟར་ལགས།། བསླང་སྡོམ་འ
137a5 པ་ཇི་ལྟར་བསྐང་།། ཞེས་མཁྱེན་བཞིན་དུ་ཞུས་སོ།། རྒྱལ་བ་འདུས་པས་བཀའ་སྩལ་པ།། རྡོ་རྗེ་སེམས་དཔའ་རྡོ་རྗེ་འཛིན།། གསང་སྔགས་འབྲས་བུའི་ཐེག་པ་ལ།། དམ་ཚིག་རྩ་བ་རྣམ་པ་གསུམ།། སྐུ་དང་གསུང་དང་ཐུགས་གསུམ་མོ།། ཡན་ལག་དམ་ཆག་ཏེ
137a6 མི་སྤང་ལྔ་དང་བླང་བ་ལྔ།། ཤེས་པར་བྱ་བ་ལྔ་དང་ནི།། སྤྱད་བྱ་ལྔ་དང་བསྒྲུབ་བྱ་ལྔ།། གཞན་ཡང་ཉིང་ལག་པས་མ་ལས་འདས།། འབུམ་སྡེ་ལ་སོགས་དམ་ཚིག་ཀྱང་།། རྩ་བ་ཡན་ལག་ཤེས་པར་བྱ།། བསྙེན་བསྒྲུབ་རྣམ་བཞི་སྒོར་ཞུགས་པས།། དམ་ཚིག་ན
137a7 དག་བསྲུང་བར་བྱ།། སློབ་དཔོན་པི་དམ་སློབ་མ་མཆེད།། ལེགས་པར་བསྲུང་དང་བསྲུང་དུ་མེད།། ཡན་ལག་ཉེ་ཤུ་རྩ་ལྔ་ཡང་།། རྩ་བའི་དམ་ཚིག་གསུམ་དུ་འདུས།། ལུས་ངག་ཡིད་གསུམ་བག་ཡོད་བྱ།། ཆག་ཉམས་ཐམས་ཅད་གསུམ་ལས་བྱུང་།། སུ་གསུང་དུ




iiif viewer powered by OpenSeadragon

136b - 137b

Texts on this page

Gdg001.14 - rdo rje sems dpa' yi ge brgya pa dbang mchog rgyal po'i rgyud