| | e-texts navigator
|
136a1 ། གཅིག། བས་མཐའ་དྲང་ཁྲོད་གནས་ན་བཀུད།། མཁས་པ་ཀུན་གྱིས་དགེར་ཀྱང་།། ཡུལ་ཁམས་མྱོང་བའི་རྒྱལ་ཁྱོང་བུས།། བསྐྱབས་གྲངས་རིག་པ་རྫོགས་བྱས་པས།། ཆལ་བའི་གངན་བྲམ་ཟེ་གནས།། རྒྱལ་བུ་ཕྲག་དོག་སེམས་དང་ནས།། །
136a2 བྲམ་ཟེ་སྒྲུབ་པ་ལ།། མཁའ་འགྲོ་ཚོགས་ཀྱིས་བརྡའ་བསྟན་པ།། རྣའི་འབྱོར་གསེར་སྡོད་དྲག་གཡོས་པ།། དྲུག་ཅན་སྣོད་ལ་འབྲོས་པར་འོས།། ཉེས་སྨིན་སྲས་སེམས་འཕྲུལ་བར་ངེས།། ཞེས་པའི་དམ་ཚིག་པ་དང་གཏོང་ཟླས།། དང་དབྱེད་བ་ནི་དདོས་པ་བཟུངཔ།
136a3 དེ་ནས་རྒྱལ་བུས་བྲམ་ཟེ་བོས།། མྱོས་ཆང་བླུང་ནས་རྔན་བྱས་པ།། དབང་པོའི་དངས་མ་མིག་ལ་ཡང་།། ལྕགས་ཀྱི་ཟུར་མ་ཕྲ་མོས་གཙག། ཚིག་སྒོ་གསལ་བྱེད་སྡེ་ཡང་ནི།། ལུགས་ཀྱུས་དྲངས་ཏེ་སྤུ་གྲིས་བཅད།། ལུས་ནི་དྲས་སྦལ་ཁྲག་གིས་བྲགས།། ཙག
136a4 ཟང་མོ་བྱས།། ལུས་པ་རྗེ་ག་ཉི་བ་བྱས།། དང་པའི་མི་པ་ཅི་ཀྱིས་པ།། རག་ཚོང་བཞི་བྱེག། དེ་ད་ན་བྱེས་བདག་ཏན། བརྗི་པ་ངས་པདས།། རེག་སེང་དུ་ང་ཡང་མེད།། ཐོ
136a5 བྲལ།། འགུལ་བའི་སྟོབས་མེད་བུད་མེད་བརྫིས།། རུས་སྦལ་ཁྲག་བྱུགས་ཆུ་བུར་དང་།། རྒོང་པ་ལ་སོགས་ནད་རྣམས་བྱུང་།། དྲན་པ་དང་ཡང་རབ་རིབ་འདུག། རྟབས་ཏེ་བྲམ་ཟེར་བསམ་པ་ལ།། འདི་ལྟར་བདག་ལ་འདི་བྱུང་བ།། སྔ་མའི་ལས་ཀྱི་རྣམ་སྨིན་ནམ།། འོན་ཏེ
136a6 གཞན་གྱི་ཕྲག་དོག་གམ།། མཉམ་པར་བཞག་སྟེ་བལྟས་པ་ལས།། རང་གི་རྒྱལ་བུས་རྔན་བྱས་མཐོང་།། དེ་ནས་བྲམ་ཟེས་དམོད་པ་པོར།། ཀྱེ་མ་ཀྱེ་ཧུད་རྒྱལ་བུ་ཁྱོད།། ལོ་དང་ཟླ་བར་བསླབ་སྦྱངས་ནས།། རེག་པའི་གནས་ལ་མཁས་བྱས་པའི།། ལན་དུ་འདི
136a7 འདྲ་མ་ངན་བྱེད་པ།། ཁྱོད་ཀ་སྐྱེ་བ་གཅིག་འདིར་ཡང་།། ཚེ་ཐུང་ནད་ཀྱིས་ལུས་གཟིར་ལ།། སེམས་ཅན་ཕུལ་པོ་གཅིག་ཏུ་སྐྱེས།། དམུས་འོརྱ་ལྤགས་པ་མཛེ་ལྐོག་དང་།། ཤཾ་བཀྲ་བ་ལ་རྫག་ཆུ་བུར་དང་།། རྐང་ལག་ཞར་ཁུམས་དབུལ་པོ་དང་།། ལུས་ལ་ཤ་ཟའི་ཚང་འཆར
iiif viewer powered by OpenSeadragon
135b - 136b