e-texts navigator
Collection
Volume
Page
Wylie

132b1 དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། སངས་རྒྱས་བྱ་བ་ཡོད་དམ་མེད།། དམྱལ་བ་བྱ་བ་ཅི་ལ་ཟེར།། ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་བ།། ཐིག་ལེ་མཐོང་བརྟོལ་དོན་རྟོགས་པས།། སངས་རྒྱས་མེད་པས་སངས་རྒྱས་རྙིང་ཡང
132b2 མེད།། རྙེད་པར་འདོད་པས་བསྐལ་པ་བརྒྱད་མི་རྙེད།། སངས་རྒྱས་གང་ཡན་བླ་དྭགས་ཡིན།། བྷཱུ་དགས་ཆོག་ལ་སངས་རྒྱས་མིན།། སངས་རྒྱས་གང་ཡིན་ཞེ་འདོད་ཡིན།། ཞེ་འདོད་སངས་རྒྱས་དགོས་པ་མེད།། སངས་རྒྱས་ཡོད་འདོད་ཡིད་སྨོན་ཡིན།། ཡིད་སྨོན
132b3 སངས་རྒྱས་དགོས་པ་མེད།། སངས་རྒྱས་མེད་པས་སངས་ལ་རྒྱས་རྒྱུ་མེད།། འདོད་པས་མི་མྱོང་ངོ་དོགས་ཡིན།། སངས་རྒྱས་མེད་ཀྱིས་མ་རེ་ཅིག། དམྱལ་བ་མེད་ཀྱིས་མ་དོགས་ཤིག། རེ་དོགས་གཉིས་མེད་མཐའ་ཆོད་ཅིག། ཡེ་ཤེས་གཏིང་རྫོགས་མཐོང་བརྟོལ།།
132b4 པས།། དམྱལ་བར་ལྕེ་བའི་རྒྱུ་མེད་དོ།། དམྱལ་བའི་གནས་མེད་ཀ་དག་ཀློང་།། དངོས་ལ་དམྱལ་བའི་རྒྱུ་མེད་པས།། དམྱལ་བ་མེ་ལྕེའི་ཕྲེང་བ་ཡང་།། བྱང་ཆུབ་སེམས་ཀྱི་ཞིང་ཁམས་ཡིན།། འདོད་ཆགས་སྤྲུལ་པའི་སྐུ་རུ་རྫོགས།། ལྷ་རུ་སྐྱེ་བའི་གཡངས་བཅས།
132b5 ཞེ་སྡང་ལོངས་སྤྱོད་རྫོགས་སྐུར་རྫོགས།། དམྱལ་བར་སྐྱེ་བའི་གཡང་ས་བཅད།། གཏི་མུག་ཆོས་སྐུ་ཆེན་པོར་རྫོགས།། བྱོལ་སོང་སྐྱེ་བའི་གཡངས་བཅད།། ང་རྒྱལ་པོ་ཉིད་ཀྱི་སྒྲ།། ལཱུ་མིན་སྐྱེ་བའི་གཡངས་བཅད།། ཕྲག་དོག་དོན་དམ་བདེ་བའི་བླ།།
132b6 སྐྱེ་བའི་གཡངས་བཅད།། སེར་སྣ་དབྱེར་མེངས་རུ་རྫོགས།། ཡི་དྭགས་སྐྱེ་བའི་གཡང་ས་བཅད།། ཀྭ་དག་མིང་མེད་བློ་འདས་རྟོགས།། དམྱལ་བ་ལ་སོགས་འགྲོ་དྲུག་མེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱ་ལ་ཉི་ཟླ་འོད་འབང་མཁའ་གློང་རྣམ་དག
132b7 ཆེ་སློང་གསལ་གྱི་རྒྱུད་ལས། ཡང་ཏི་ཉི་ཟླའི་སྙིང་པོ་རྟོགས་པ་ལས་ངེས་རྒྱས་དམྱལ་བ་མེད་པར་བསྟན་པའི་ལེའུ་སྟེ་ཉེར་གཅིག་།། ། དེ་ནས་གསལ་དག་རིན་ཆེན་གྱིས།། བྷེ་མེད་ཀ་དག་སྟོན་པ་ལ།། རྫོགས་ཆེན་ཡང་ཏི་ཡོ་གཡས།། མ་བསྒྲུབས




iiif viewer powered by OpenSeadragon

132a - 133a

Texts on this page

Gdg001.13 - rgyud kyi rtse rgyal nyi zla 'od 'bar mkha' klong rnam dag rgya mtsho klong gsal gyi rgyud