| | e-texts navigator
|
132a1 སྟོང་པ་ཀུན་འབྱུང་སྟོང་པར་སངས།། རང་བྱུང་རང་གྲོལ་རང་སངས་རྒྱས།། གཏི་མུག་མུན་པ་ཀ་དག་རྒྱས།། སངས་རྒྱས་གཞན་ན་མེད་ཀྱིས་མ་རེ་ཞིག། ཡེ་ཡིན་ཀློང་གྱུར་རོ་ཤེས་པས།། སེམས་ཅན་འཁོར་བ་མེད་ཀྱིས་མ་དོགས་ཤིག། གཉིས
132a2 མེད་གཉིས་སུ་དབྱེར་མེད་པས།། སེམས་ཅན་སངས་རྒྱས་གཉིས་མེད་གཉིས་ཀ་མེད།། ཅེས་གསུངས་སོ།། གླང་ཀྱི་རྗེགལ་ཏེན་འད་འབར་མཁའ་ཀློང་རྣམ་དག་ནུ་མ་ཀློང་གསལ་ཅི་ཆུང་བས། རྟོགས་མཏོགས་སངས་རྒྱས་སེམས་བདག་ནི་ལ་བྱེད་མེད་པ
132a3 པའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། དགེ་སྡིག་ལས་འཕྲོ་ཡོད་དམ་མེད།། མཐོ་རིས་དྲན་སོང་ཅི་ལ་ཟེར།། ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། རྫོགས་ཆེན་ཡང་ཏི་ཡོ་ག་ལ།། དགེ
132a4 བ་མི་བསྒྲུབ་སྡིག་མི་འགེགས།། རང་སར་གྲོལ་ཞིང་སྐྱེ་མེད་རྟོགས།། དགེ་བ་ཆེད་དུ་མི་བྱེད་མཐོ་རིས་སྐྱེ་རུ་མེད།། སྡིག་པ་ཆེད་དུ་མི་བྱེད་ངན་སོང་ཀྱེ་རུ་མེད།། དགེ་སྡིག་གཉིས་པོ་ཆེད་དུ་མ་བྱས་པས།། མཐོ་རིས་ངན་སོང་དེ་དོགས་གཡང་ས་མེད།། ལས་འཕྲོ་མི་ལེན་འདི་ཀ་ལྟ་བུར
132a5 སྩོལ།། ཅི་སྟེ་ལས་ཀྱི་དབང་གྱུར་ན།། རང་བྱུང་ཡེ་ཤེས་ག་ལ་ཡོད།། མཐོ་རིས་ངན་སོང་བླ་དྭགས་ཡིན།། ཡང་དག་དོན་ལ་མཐོ་རིས་ངན་སོང་མེད།། སྐྱེ་མེད་ཀ་དག་རྟོགས་པ་ལ།། ངན་སོང་ལྟུང་བའི་རྒྱུ་ཡང་མེད།། ཐིག་ལེ་ཁོར་གསལ་དོན་རྟོགས་པས།། མཐོ་རིས་ངན་སོང
132a6 རྒྱུ་ཡང་མེད།། ཡེ་ཡིན་རང་སར་གྲོལ་གྱུར་པས།། ལས་འཕྲོ་མི་ལེན་མུ་མཐའ་བས།། ཀ་དེག་མིང་མེད་དོན་རྟོགས་པས།། མཐོ་རིས་ངན་སོང་སྐྱེ་ལྟུང་མེད།། དགེ་སྡིག་ལས་འཕྲོའི་ཁར་མི་འོད།། རྒྱུ་རྐྱེན་ཆོས་ལ་བློ་མི་གཏོད།། དགེ་སྡིག་གཉིས་ལ་རྟེན་མི་འཆའ།། ཆུ
132a7 འབྲས་གཉིས་ལ་རག་མ་ལུས།། བྱ་རྩོལ་ཞེ་འདོད་དེ་དོགས་མེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་ངའབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། ཡང་ཏི་ཉི་ཟླའི་སྙིང་པོ་ལ་དགེ་སྡིག་མཐོ་རིས་ངན་སོང་མེད་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།།
iiif viewer powered by OpenSeadragon
131b - 132b