e-texts navigator
Collection
Volume
Page
Wylie

130a1 གསལ་ཀྱེ་རྒྱུད་ལས། ཡང་ཏེ་གནས་ལུགས་ཀྱི་དཀྱིལ་འཁར་བསྟན་པའི་ལེའུ་སྟེ་བརྡ་བཞི་པ་ས།། དེ་ནས་གསལ་དག་དན་ཆེན་གྱིས།། སྐྱེ་མད་ཀ་དག་སྟོན་པ་ལ།། དཀྱིལ་འཁར་ཆན་པ་ད་ལྟར་ན།། དབང་བསྐུར་ཐུན
130a2 བརླབ་འཚལ་མི་འཚལ།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ། རྫོགས་ཆེན་ཡང་ཏི་རྟོགས་པ་ལ།། བྱིན་བརླབ་དབང་བསྐུར་མི་དགོས་ཏེ།། རང་སེམས་གདོད་དག་སྐྱེ་མེད་ནམ་མཁའ་ལ།། ཐིག་ལེ་མཐོང་བརྟོལ་ཀ་དག་ཉི་ཟླ་ཤར།། མ་རིག་ལས་དང་ཉོན
130a3 མོངས་ཡེ་ནས་བརླག། དེ་དག་འོད་གསལ་ཆེན་པོའི་དབང་རྫོགས་སོ།། སྙིང་པོ་འདུས་མ་བྱས་པའི་དཀྱིལ་འཁོར་དུ།། རིག་གསལ་དང་དངས་ཁྱེའུ་ཆུང་ལ།། ཐིག་ལེ་ཁོང་གསལ་བཅུད་བསྡུས་དབང་བསྐུར་བས།། རང་གྲོལ་ཟང་ཐལ་དབང་ཐོབ་བོ།། མཁའ་ཀློང
130a4 རྣམ་དག་ཆོས་དབྱིངས་དཀྱིལ་འཁོར་དུ།། སེམས་རིག་དང་དང་ས་ཁྱེའུ་ཆུང་ལ།། ཐོལ་བྱང་ངང་དངས་དབང་བསྲུང་བས།། རང་བྱུང་དང་དང་ས་དབང་ཐོབ་པོ།། རིན་ཆེན་གསལ་དག་འོད་ཀྱི་དཀྱིལ་འཁོར་དུ།། རིག་པ་དང་དངས་ཀུན་བྱེད་ཁྱེའུ་ཆུང་ལ།། བྱར་མེད་རྩོལ་བསྒྲུབ་འདས་པའི
130a5 དབང་བསྐུར་བས།། བྲོ་ཟད་ཆོས་མེད་གཏིད་རྫོགས་མཐའ་ཡས་དབང་ཐོབ་བོ།། དབང་བསྐུར་དབང་བསྐུར་བྱར་མེད་དེ།། རང་སེམས་ཀ་དག་དང་ལ་རྫོགས་པ་ལ།། རྫས་དང་བུམ་པའི་རྟེན་མེད་ཀྱང་།། བྱར་མེད་བློ་འདས་དབང་བསྐུར་པས།། རྩོལ་བྲལ་མིང་མེད་དབང་ཐོབ་བོ།།
130a6 དབང་ནི་རང་སེམས་སྐྱེ་བ་མེད།། བསྐུར་བ་ཀ་དག་ཆེན་པོར་བསྐུར།། ཐོབ་ནི་འཕོ་འགྱུར་མེད་པར་ཐོབ།། དབང་ནི་དང་དང་སགས་ལ་དག་སྟེ།། གསུང་ནི་དངོས་མེད་རྣམ་མར་བསྲུར།། ཐོབ་ནི་ཟང་ཐལ་དང་བྱུང་ཏོག། དབང་ནི་སྟོང་པ་ཀུན་ཏུ་འབྱུང་།། བསྐུར་ནི་འཛིན་པ་རང
130a7 དག་བསྐུར།། ཐོབ་ནི་ནམདག་ཡེ་ཤེས་ཐོབ།། གཞན་གྱིས་བསྲུང་བའི་མཁན་པོ་མེད།། རང་གི་སེམས་ལ་ཡེ་ནས་རྫོགས།། ཞེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཏེ་བློ་འོད་འབར་མཁའ་སློང་རྣམ་དག་རྒྱ་མཆི་ཀློང་གསལ་གྱི་རྒྱུད་ལས།། རྫོགས་ཆེན་ཡང་ཏི་རྟོགས་པ་ལ་དབང་དང




iiif viewer powered by OpenSeadragon

129b - 130b

Texts on this page

Gdg001.13 - rgyud kyi rtse rgyal nyi zla 'od 'bar mkha' klong rnam dag rgya mtsho klong gsal gyi rgyud