e-texts navigator
Collection
Volume
Page
Wylie

128a1 བསྒྲུབ་རྩོལ་བསམ་སྤངས་པར།། ཀ་དག་དངོས་མེད་སྐྱེ་མེད་བྱར་མེད་བློ་བས་འདས།། གནས་ལུགས་སྙིང་པོ་ཆེག་ཆོད་པ།། ཆོས་ཉིད་ཡང་དག་ངེས་པ་མནོར་པ།། ཚིག་རྩོ་ཆོས་ལྔ་ལྡན་གྲུབཟང་ནལ་ཡེནས་གྲོལ།། ཡེ་དག་མགས་པ་ཡེ་གྲུབ་ལ་གནས
128a2 ཡང་ཏི་ཉི་ཟླའི་སྙིང་པོ་ལ།། དེ་གདོད་བྱ་བཙལ་རྩོལ་སྲུབ་ག་ལ་ཡོད།། ཅེས་གསུངས་སོ།། རྒྱུད་ཀྱི་རྩེ་ཚུལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱམ་གྱི་ཀློང་གས་པ་གྱི་རྒྱུད་ལས། སྤྱི་འདས་ཡང་ཉེ་བྱ་བ་ཚལ་བློ་ཟོས་མི་དགོས་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པ།
128a3 དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། རྩོལ་བ་སླུབ་འདས་པའི་ཐེག་པ་ལ།། ལྷ་སྒོམ་སྤྱོད་འབྲས་དགོས་མི་དགོས།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡང་ཏི་རྩོལ་རྫབ་འདས་པ་ལས།། ལྷ་སྒོམ་སྟོད་འབྲས་བློ་ལི་ཡུལ།།
128a4 བློ་ཡི་ཡུལ་ལས་ངེས་པ་མེད།། བློ་ཡུལ་མ་ཟད་སངས་རྒྱས་ཆོས་མི་ཟད།། དེས་ན་ཡང་ཏི་ཉི་ཟླའི་སྙིང་པོ་ལ།། ཞེ་འདོད་ལྟ་བདེ་སེམས་དང་བྲལ།། དམིགས་པ་སྒོམ་པའི་སེམས་དང་བྲལ།། བྱ་རྩོལ་སྤྱོད་པའི་སེམས་དང་བྲལ།། དེ་དོགས་འབྲས་བུའི་སེམས་དང་བྲལ།།
128a5 ཐག་ལེ་མཐོང་བརྟོལ་སེམས་དང་བྲལ།། ཞེ་འདོད་གཟང་གཏད་ལྟ་བ་མེད།། ཀ་དག་འོད་གསལ་བསྒོམ་པ་ལ།། དམིགས་གཏད་ཡིད་གཟུང་བསྒོམ་པ་མེད།། དངོས་མེད་བྱར་མེད་རྣལམ་ལ།། བྱ་བཅོལ་མེད་པས་སྤྱོད་པ་མེད།། གསང་བའི་ཡང་སྙིང་བློ་དས་ལ།། གཞན
128a6 ནས་རྙེད་པའི་སངས་རྒྱས་མེད།། ཡེ་ནས་སྐུ་གསུམ་ལྡན་གྲུབ་ལ།། རོ་དོགས་འབྲས་བུ་ཡོངས་ཀྱིས་མེད།། མིང་མེད་ཕྱོགས་བྲལ་རྟོགས་པས་ལྟ་བ་མེད།། ཀདག་སྐྱེ་མེད་རྟོགས་པས་སྒོམ་པ་མེད།། དངོས་མེད་རྣལ་མ་རྟོགས་པས་བསམ་དུ་མེད།། སོམ་ལྷག་པ་བག་ཡང
128a7 རྟོགས་པས་སྤྱོད་པ་མེད།། ཡེ་ནས་རང་འཁྲུངས་རྟོགས་པས་འབྲས་བུ་མེད།། རྟག་ཟད་པོ་ལས་གྲོལ་བས་ལྟ་སྒོམ་མེད།། བློ་ཟད་ཉོན་མོངས་ཡེ་བརླག་ཡིད་སྔོན་སངས་རྒྱས་མེད།། ཡང་ཏི་ཡོག་རྟོགས་པས་ན།། རིག་མེད་སེམས་མེད་ཆོས་རྣམས་མེད།། ཅེས་གསུངས་སོ།།




iiif viewer powered by OpenSeadragon

127b - 128b

Texts on this page

Gdg001.13 - rgyud kyi rtse rgyal nyi zla 'od 'bar mkha' klong rnam dag rgya mtsho klong gsal gyi rgyud