e-texts navigator
Collection
Volume
Page
Wylie

125a1 ། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟན་པ་ལ།། བློ་འདས་ཐག་པ་ཇི་ལྟར་བཤད།། ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། བློ་འདས་རང་ལ་བརྗོད་མེད་ཀྱང་།། འཁར་གྱི་རྟོག་པ་བས་ལ་ཕྱར་བཤད།། ཡང་ཏཎ
125a2 ཟླའི་སྙིང་པོ་ཐེག་པའི་སྤྱི་ཕུད་འདི།། ཐེག་པའི་གོང་བརྒལ་རྫོགས་ཆེན་གཉའ་གཅོག་ཡིན།། ཉི་ཟླའི་སྙིང་པོ་ཐེག་དགུ་ཐོད་ཞལ་འདི།། འདི་གོ་ཀུན་གོའི་ཆོས་སུ་བཤད།། འདི་རྟོགས་ཀུན་རྟོགས་ཆོས་སུ་བཤད།། འདི་ཤེས་ཀུན་ཤེས་ཆོས་སུ་བཤད།། འདིགས
125a3 ཀུན་གསལ་ཆོས་སུ་བཤད།། འདི་བཅངས་ཀུན་ཡོད་ཆོས་སུ་བཤད།། འདིར་ཞུགས་ཀུན་གྱི་སྒོར་ཞུགས་ཡིན།། འདི་བྲིས་ཆོས་ཀུན་བྲིས་པར་བཤད།། ཅིའི་ཕྱིར་ཞེ་ན་ཆོས་རྣམས་ཀུན་གྱི་རྩ་བའི་རྒྱུད་སྡེ་ཡིན།། ཐེག་པ་ཀུན་གྱི་སྤྱི་ཕྲད་རྩེ་རྒྱལ་ཡིན།། བརྒྱང་བྲི་བཞི
125a4 གསལ་བར་སྟོན་པའི་ཉི་ཟླ་ཡིན།། ཐེག་པ་ཀུན་གྱི་གཏེར་མཛོད་ལྡེ་མིག་ཡིན།། བཏགས་ཆག་ཀུན་གྱི་ཞིང་ས་ཡིན།། ཐམས་ཅད་བསྐྱེད་པའི་ཡབ་ཡུམ་མཁའ་སྤྱོད་བྷག་ཡིན།། ཀུན་གྱི་ས་བོན་གཞིམ་རྩ་བ་ཡིན།། ཀུན་གྱི་རྩ་བ་གཅིག་རྟོགས་པས།། ཀུན་ལ་དབང་བསྐུར་ཐོབ་པ་ཡིན།།
125a5 ཏེ་འདི་ཡིས་ཆོས་རྣམས་གཏན་ལ་ཕེབས་པའི་ཕྱིར།། བསྟན་པའི་ཡང་སྙིང་འདི་ཐོས་པས།། འདི་ཐོས་གང་ཞིག་ཐོས་པའི་མཆོག། དཔེར་ན་མཆོག་རབརྩེ་ནས་རི་བྲན་ཐམས་ཅད་གསལ།། འབྱུང་ཆེན་ནམ་མཁར་འབྱུང་བ་ཐམས་ཅད་གསལ།། གནམས་གཉིས་སུ་སྐྱེ
125a6 འགྲོ་ཐམས་ཅད་གསལ།། ཟ་འོག་སྣམ་བུར་དང་སྣ་སྣ་ཚོགས་གསལ།། བསམ་འཕེལ་ནོར་བུར་རིན་ཆེན་སྣ་ཚོགསགས་པ།། དཀྱིལ་འཁོར་ཆེན་པོ་ས་ཚོན་རྣམ་ལྗགས་ལ།། ཕྱེ་ཡི་རྒྱ་མཚོར་ཆུ་བྲན་སྣ་ཚོགས་གསལ།། དེ་བཞིན་ཆོས་ཀུན་རྩ་རྒྱུད་ཉི་ཟླའི་སྙིང་པོར་གནས།། སེམས
125a7 སེས་བཏགས་ཀྱི་རྣམས་རིལ་བ་རགས་པ།། མ་ཧོང་ལ~ཾ་བཀང་ཅན་འདི་ལྟ་བ།། གཞན་ནས་མི་འབྱུང་ས་པ་ལ།། རང་བླང་ངམ་ཚད་ཁྲིད་པར་ཅན།། དྲགགསུ་མ་སྦགས་མ་ཡིན་པར་བཤད།། དྲུག་པྲ་སྡེ་པྲ་མན་པར་བཤད།། མ་རིག་འདགས་པ་ཆེན་པོར་བཤད།། གཏི་མུག་གདས།




iiif viewer powered by OpenSeadragon

124b - 125b

Texts on this page

Gdg001.13 - rgyud kyi rtse rgyal nyi zla 'od 'bar mkha' klong rnam dag rgya mtsho klong gsal gyi rgyud