| | e-texts navigator
|
124a1 ། རྐང་ལས་ཀུན་ཐུང་གང་བ་བྱུ་།། མད་ལས་ག་ཆགས་མེད་པར་ཐལ།། ཐས་ཐུང་ཡང་དག་བྱུང་ཆ་དགྲལ།། ཐལ་བྱུང་ངརྟགསང་བར་གྲུལ།། གཟུགས་སསང་ཅང་བ་དགགགས་བླསས།། སྲསྐད་ཐམས་ཅདག་གུས་ངགས་དུ
124a2 གྲོལ།། དྲན་རྟོག་ཐམས་ཅད་སངས་རྒྱས་ཐུགས་སུ་གྲོལ།། ཁམས་གསུམ་སེམས་ཅན་ལུས་དག་ཡིད་གསུམ་དེ།། དུས་གསུམ་སངས་རྒྱས་ཀུན་གྱི་སྒྲ་གསུང་ཐུགས་སུ་གྲོལ།། སྣང་སྲིད་འཇིག་རྟེན་འཁོར་འདས་ཐམས་ཅད་ཀུན།། སངས་རྒྱས་ཞེང་ཁམས་འོད་གསལ་ཆེན་པོར
124a3 གྲོལ།། ཞེ་འདོད་རྩོལ་སྒྲུབ་བྱས་ནས་གྲོལ་བ་མ་ཡིན་ཏེ།། ཐོག་མ་ཉིད་ནས་མ་སྤངས་མི་གནས་གྲོལ།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གྲོལ།། བློས་བཏགས་ཆོས་སྡེ་བརྒྱད་ཁྲི་བཞི་སྟོང་གྲོལ།། དཔེར་ན་སྦལ་གྱི་མདུད་པ་བཞིན།། འཆིང་མཁན་གྲོལ་མཁན་མེད་པར་གྲོལ།། དེ་བཞིན
124a4 རྟག་ཆད་ཆོས་རྣམས་མ་ལུས་ཀུན།། མ་བཅིངས་མ་གྲོལ་སྙིང་པའི་ཀློང་དུ་གྲོལ།། དཔེར་ན་རྔ་མའི་མདུད་པ་བཞེན།། མཚན་མ་སྣ་ཚོགས་རང་གྲོང་ཉིད།། ཅེས་གསུངས་སོ།། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། སྙིང་པོའི་ཀློང་དུ་འོང
124a5 གསལ་གྲོལ་བར་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། སྙིང་པོའི་ཡན་ལག་གཉིས་མེད་ཇི་ལྟར་ལགས།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཆོས་ཉིད་མཁའ་ཀློང་སྙིང་པོ
124a6 ཀློང་དཀྱིལ་དུ།། འོད་གསལ་རྩལ་ཟེར་ཡན་ལག་མ་ལུས་ཐིམ།། སྙིང་པོ་རྩལ་ཟེར་གཉིས་མེད་ཐོག་མར་ཡེ་སངས་རྒྱས།། གྲཝ་བཙལ་རྩོལ་བས་མ་བསླབས་པར།། མཁའ་ལ་འཇའ་ཆེན་ཐིམ་པ་འདྲ།། ནམ་མཁར་ཆོ་འཕྲུལ་ཐིམ་པ་དང་།། འོ་མཆུ་དང་འདྲེས་པ་དབྱེར་མི་ཕྱེད།། དེ
124a7 བཞིན་གཞི་རླུང་གཉིས་སུ་འདྲེས་པ་དབྱེར་མི་ཕྱེད།། རླུང་ལྔ་འབྱུང་ལྔ་གཉིས་མེད་དབྱེར་མེ་ཕྱེད།། འོད་ལྔ་ཟེར་ལྔ་གཉིས་མེད་དབྱེར་མི་བྱེད།། ཤེས་པ་སྣང་ཚུལ་འགྱུ་མེད་དབྱེར་མི་ཕྱེད།། རང་བཞིན་བ་ཐུགས་རྗེ་དབྱེར་མི་ཕྱེད།། དུས་གསུམ་སྲུགས་མ་གཉིས་མེད་དབྱེར་མི་ཕྱེད།། མིད།།
iiif viewer powered by OpenSeadragon
123b - 124b