e-texts navigator
Collection
Volume
Page
Wylie

122a1 @རྒྱ་གར་སྐད་དུ། ཏནྟ་གྲ་རཱ་ཛ་སཱདྷཿཏྟ་པྲཥྚཱ་ནྡ་ལ་ཨཱ་ཀ་ཤྲཱ་བཏྟ་བི་ཤུདྡྷ་ས་མུདྲཱ་བརྟྟ་པྲ་ཀ་ཊ་ཏནྟྲ་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྩེ་རྒྱལ་ཏེ་ཟླ་འོད་འབར་མཁའ་ཀླུང་རྣམ་དག་རྒྱ་མརྒྱ་ཀློང་གསལ་གྱི་རྒྱུད་\ུ0f7fས་ཕྱ་བ། སྔོན་ཐོག་མའི་སངས་རྒྱ་བྱ་མ
122a2 ཀ་དག་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཅི་ཡང་མ་ཐོས་པ་གང་དུ་ཡང་མཚོན་བརྗོད་ལས་འདས་པའི་དུས་མེད་པ་དེ། བཀོལ་མེད་གནས་སུ་ཀ་དག་སྟོན་པ་དེས།། འོད་གསལ་འཁོར་ལ་སྐྱེ་མེད་བསྟན་པ་བཤད།། དུས་ནི་དུས་གསུམ་གཅིག་མི་མེད་པའི་དུས
122a3 སྙད་པ་བྲོ་ནི་གས་ལ་དག་རིན་པོ་ཆེའོ།། དེ་ནས་གསལ་དག་རིན་ཆེན་གྱིས།། སྐྱེ་མེད་ཀ་དག་སྟོན་པ་ལ།། ཕུན་སུམ་ཚོགས་པའི་དོན་ནི་དེ་ལྟར་ན།། དངོས་པོ་གཤིས་ཀྱི་གནས་ལུགས་ཇི་ལྟར་གནས།། འོད་གསལ་རྩལ་གྱི་ཡན་ལག་ཇི་ལྟར་ཤང།། སྙིང་པོ་སློང་དུ་རྩེ་གས
122a4 ཇི་ལྟར་གྲོལ།། དེ་གཉིས་དབྱེད་མེད་གདམས་ངག་ཇི་ལྟར་ལགས།། ཐོད་རྒལ་ཐེག་པ་ཇི་ལྟ་བཤད།། འི་སྙིང་པོ་སཱི་ཏི་ནྡོ་ག་ལ།། ཐུབ་མཆི་མ་སྨོས་བཏགས་ཡོད་དམ་མེད།། གྱིས་གདབ་བློ་བྲལ་བསྟན་པ་ལ།། བྱབ་ཙལ་བློ་མས་མི་ཚལ་ལམ།། ལ་སྒབ་འདས་པ
122a5 ལ།། ལྷ་སྒོམ་སྤྱོད་འབྲམ་དགོས་མེ་དགོས།། ཐེག་དགུ་སྤང་ངས་ཇི་ལྟར་བགྱི།། དཀྱིལ་འཁོར་དབང་དང་དངོས་གྲུབ་ལ།། རེ་འདྲ་བ་མ་ཡིད་མརྫོགས།། ཚོགས་དང་གཏོར་མ་མ་བཏང་བ་།། ཚོགས་བསགས་སྨོན་ལམ་ཇི་ལྟར་རྫོགས།། ཏི་པཱའི་སྙིང་པོ།
122a6 སྒྲིབ་འཁྲུལ་པ་ཡོད་དམ་མེད།། མ་རིག་ཡེ་ཤེས་ཡོད་དམ་མེད།། འཆར་སྒོ་འཁྲུལ་པ་ཀྱིལ་ཟེར།། རྟོགས་དང་མ་རྟོགས་ཡོད་དམ་མེད།། སངས་རྒྱས་སེམས་ཅན་ཅི་ལ་ཟེར།། དགེ་སྡིག་ལས་འཕྲོ་ཡོད་དམ་མེད།། མཐོ་རིས་ངན་སོང་ཙལ་ཟེར།། རྫོགས་ཆེན་སྟི་ཏི་ཡོག
122a7 ཡིས།། མ་བསྲུབས་འབྲས་བུ་ཇི་ལྟར་ཐོབ།། ཞུས་ཆོག་ཉི་ཤུ་རྩ་གཅིག་དེ།། སྟོན་པས་འཁོར་ལ་བཀའ་སྩོལ་ཅིག། ཤིན་ཏུ་ཟབ་པར་གསུང་དུ་གསལ།། ཞེས་ཞུས་སོ།། རྒྱ་ཅི་ཆེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་ནམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ལས། ཕུན་སུམ་གས




iiif viewer powered by OpenSeadragon

121b - 122b

Texts on this page

Gdg001.13 - rgyud kyi rtse rgyal nyi zla 'od 'bar mkha' klong rnam dag rgya mtsho klong gsal gyi rgyud