| | e-texts navigator
|
120b1 སྤྱོད་པ་ཡིན།། ཞེས་གསུངས་སོ།། ཡང་ཏི་ནག་པོའི་སྤྱོད་པ་ནི།། ཤེས་རབ་ཆེན་པོར་འདོད་པ་སྟེ།། སྣང་བ་མི་འགེགས་ཐུག་གྲང་ཁྱེར།། འད་གསལ་འཁོར་ལོ་རྒྱས་འདེབས་སྤྱོད།། འདོན་པ་རིག་པ་དང་གྲོལ་བས།། ཡིད་ཀྱི་འཛིན
120b2 པའི་རྒྱས་འདེབས་སྤྱོད།། ཡུལ་དང་ཡུལ་ཅན་གཉིས་མེད་པས།། དབྱེར་མེད་ཆོས་སུའི་རྒྱས་འདེབས་སྤྱོད།། དེ་ནི་ཡང་ཏི་ཕྱིར་སྤྱད་དོ།། ཡང་ཏི་ནང་སྤོང་བསྟན་པ་ནི།། རང་ལུས་འབྱུང་བའི་ཡིད་ཕུང་ལ།། དབྱེར་མེད་ཆོས་སྒྲའི་རྒྱས་འདེསས
120b3 སྤོ། འོད་གསལ་འཁོར་ལོ་བསྐོར་བ་ཡིས།། ཆོས་སྐུ་ཤེས་རབ་དང་དུ་འཆར།། གཟུང་འདོན་རིག་པའི་སླད་དུ་དག། དེ་ནི་ནང་གི་སྤྱོན་པའོ།། ཡང་ཏི་གསང་སྤྱོད་བསྟན་པ་ནི།། རིག་པ་བཀག་པས་མེ་ལེགས་ཏེ།། རང་ཤེན་དགག་བསྲུབ་མེད
120b4 པར་བྱེང་།། རིག་པ་གཅེར་བུར་སྤུར་གྱིས་ཕྱུངས།། སྡང་བ་བསྒོམ་པ་སྤུན་པོར་ཤོད།། མིག་ལེའི་ངང་དུ་ལྷངས་ཀྱིས་ཞོག། འོད་གསལ་ཆེན་པོར་ལྷངས་ཀྱིས་གྱུངས།། དེ་ལ་སྤྱད་པའི་ཡུལ་མེད་པ།། ཡེ་བཞེངས་ཆེན་པོ་ཞེས་ཀྱང་བྱ།། གཞི་བཞས
120b5 ཆེན་པོ་ཞེས་ཀྱང་བྱ།། ཡེ་གྲོལ་ཆེན་པོ་ཞེས་ཀྱང་བྱ།། ཡང་ཉི་ནག་པོ་ཞེས་ཀྱང་བྱ།། གསེར་གྱི་འབྲུ་གཅིག་ཞེས་ཀྱང་བྱ།། ཐིག་ལེའི་ངང་དུ་ཤར་བ་ཡི།། ཐབས་དང་ཤེས་རབ་ཀྱི་རྒྱུད།། སྲོག་གི་གླེགས་པ། བདུད་རྩེའི་བྱམ་པ། སྔང་བྱེད་སྤ་གྲིའི་རྒྱུང
120b6 རྫོགས་སོ།། ། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། འཁོར་གྱི་རྡོ་རྗེ་སེམས་དཔའ་ལ།། ཕྱི་ནང་མེད་པའི་ཆོས་དབྱིངས་སུ།། འབྲས་བུ་ཐོབ་པ་མེད་པའི་དུས། ཐམས་ཅད་ཡེ་གྲོལ་བསྟན་པ་ལ།། ཡང་ཏི་ནག་པོ་འབྲུ་གཅིག་ཤར།།
120b7 གྲེ་རླབས་ཀྱིས་བྱུང་བ་ཡི།། འབྲས་བུ་ཡེ་གྲོལ་ཆེན་པོ་འརྒྱུད་ལས།། ངང་ལ་ཤུགས་ཀྱིས་ཤར་བའོ།། འབྲས་བུ་ལ་ཡང་རྣམ་བཞི་སྟེ།། ཕྱེ་ཡི་འབྲས་བུ་བསྟན་པ་དང་།། ནང་གི་འབྲས་བུ་བསྟན་པ་དང་།། གསང་བའི་འབྲས་བུ་བསྟན་པའོ།། རྩེ་ཡི་ང
iiif viewer powered by OpenSeadragon
120a - 121a