e-texts navigator
Collection
Volume
Page
Wylie

119b1 ཇི་སྐད་བྱུང་བ་ཡང་།། དང་པོ་བཀའ་མི་སྲད་ལས་བྱུང་།། ང་ནི་ཉམས་ལ་མི་སྟེན་ཏེ།། ཡང་ཏི་ནག་པོའི་བསྒོམ་པའོ།། བསྒོམ་ས་སྲོག་གི་ས་འིའོ།། སྲོག་གི་འཁར་པོའི་ཆུང་རྫོགས་སོ།། ། བཅོམ་ལྡན་འདས་དཔའ་དྲན་དུ་བཟང་པོ
119b2 ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ།། སྔོན་པ་ཀུན་ཏུ་བཟང་པོ་ཡིས།། ཐུགས་ཀྱི་སྐལ་པ་ཆེན་པོ་ལ།། དུས་གསུམ་ཁྱད་པར་མེད་པའི་ཕྱིར།། ཉིད་ལས་མེ་གཞན་འཁོར་རྣམས
119b3 །། རྫོགས་པ་ཆེན་པོའི་བསྟན་པ་ཤར།། ཞེས་གསུངས་སོ།། ལྦབ་ལ་ཐལ་ཆེན་པོའི་ཆུང་ཉིད་ཀྱི་ཞལ་རེས་བྱིན་བརླབས་སུ། རང་བཞིན་དག་པ་རྣམས་ལ་བབས།། ཆོས་སུ་ཏིག་ལེ་ཉག་གཅིག་ལ།། འཁྲུལ་པ་མེད་པས་ས
119b4 མེད།། སངས་རྒྱས་སེམས་ཅན་གཉིས་སུ་མེད།། བློ་དང་དངོས་པོ་གཉིས་སུ་མེད།། ཆོས་ཅན་ཆོས་ཉིད་གཉིས་སུ་མེད།། འཁོར་བ་མྱང་འདས་གཉིས་སུ་མེད་།། དབྱིངས་དང་ཡེ་ཤེས་གཉིས་སུ་མེད།། རྣམ་རྟོག་ཡེ་ཤེས་གཉིས་སུ་མེད།།
119b5 སངས་རྒྱས་སེམས་ཅན་གཉིས་མེད་དེ།། ལམ་གྱིས་བཅོས་སུ་ག་ལ་ཡོད།། ཡེ་ནས་གྲོལ་བའི་ཆོས་སྐུལ།། ལྷ་སྒོམ་སྤྱོད་པ་འཆིང་བའི་རྒྱུ།། ཡེ་གྲོལ་ཆེན་པོ་ཕྱོགས་མེད་ལ།། ཕྱོགས་སུ་འཛིན་པ་འཁྲུལ་པའི་ལམ།། ལྷ་སྒོ
119b6 སྤྱོད་པ་ནོར་བའི་ལམ།། འབྲས་བུ་ཐོབ་འདོད་ལྟོས་པའི་ཆོས།། ཡེ་གྲོལ་ཆེན་པོར་ཤར་བ་ལ།། རྩོལ་བསྒྲུབ་བྱེད་པ་འཁྲུལ་པའི་ལ་མ།། ཐམས་ཅད་རང་ལྗང་ཆེན་པོ་ལ།། བསྒོམ་དུ་མེད་པར་བསྒོམ་པ་ནི།། དེ་ནི་ནམ
119b7 མཁར་ལྷགས་པ་འདྲ།། ཡེ་ནས་ཆོས་སླར་གཅིག་པ་ལ།། བར་དོར་ཆོས་ཉིད་ཀྱི་འདོད་པ།། ད་ནི་ལམ་གྱི་གཡོས་ཡིན།། ཐམས་ཅད་ཡེ་ནས་སྤྱན་གྲུབ་ལ།། བར་དོར་འབྲས་བུ་འདོད་པ་ནི།། རྡོ་ནི་ས་ལ་གོ་ལས་ཡིན།། རིག་པ་རང་ཐུང་།




iiif viewer powered by OpenSeadragon

119a - 120a

Texts on this page

Gdg001.8 - srog gi 'khor lo'i rgyud pa
Gdg001.9 - yang gsang lta ba la thal gyi rgyud/ kun tu bzang po'i srog gi spu gri/ rdo rje sems dpa'i thugs kyi reg chod/ ro langs bde ba'i thugs kyi srog gi thigs pa/ brgyud pa gsum pa lta ba la thal gyi rgyud