| | e-texts navigator
|
116b1 རང་བཞིན་གནས་ལུགས་ཐོག་མའི་བར་དོ་རུ།། སངས་རྒྱས་སེམས་ཅན་གཉིས་ཀྱི་འབྱུང་གཞི་བཙལ།། རང་བཞིན་དང་ནི་རླུང་གི་བར་དོ་རུ།། རླུང་དང་འགྲུ་བ་གཉིས་ཀྱི་གྱེས་གཞི་བཙལ།། རྩལ་ཟེར་ཤེས་པ་ཕྲ་མོ་སྐྱེས་པ་ལ།། རག་པ་སྐྱེ་བའི་གཞི་མ
116b2 བཙལ་བར་བྱ།། ཡན་ལག་སྣང་ཚུལ་རིག་པའི་བར་དོ་རུ།། ཡང་མར་འཆར་སྒོ་འཁྲུལ་སྒོའི་གཞི་མ་བཙལ།། སྣང་བ་རྣམ་པ་གསུམ་གྱི་བར་དོ་རུ།། སྟོན་པ་སྐུ་གསུམ་འབྱུང་པའི་གཞི་མ་བཙལ།། ཁ་དོག་རྣམ་པ་ལྔ་ཡི་བར་དོ་རུ།། གཟུགས་བརྙན
116b3 འོད་ཀྱི་གཞི་མ་བཙལ་བར་བྱ།། འོད་ལྔ་གཟུགས་ལྔར་འཆར་བའི་བར་དྲོ་རུ།། རིགས་དྲུག་འཁྲུལ་པའི་གཞི་མ་བཙལ་བར་བྱ།། ཐོས་དང་བསམ་པ་ཤེས་རབ་པར་དོ་རུ།། མར་གྱི་སེམས་ཅན་འཁྲུལ་ཚུལ་རྩད་ནས་བཅད།། ད་ལྟ་ཤེས་པ་སྔ་ཕྱིའི་བར
116b4 དོ་རུ།། འཁྲུལ་པ་བཟློག་ཐབས་རྣམ་གསུམ་ཉམས་སུ་བླངས།། སྐྱེ་དང་ཤི་བ་སྲིད་པའི་པར་དོ་རུ།། སྙིང་པོ་མཐའ་ཐོལ་ཀློང་དུ་གནས་པར་གྱིས།། ཞེས་གསུངས་སོ།། རིན་ཆེན་སྒྲོན་མ་རྩ་བའི་རྒྱུད་ལས། བར་དོའི་ལེའུ་སྟེ་བཅུ་གསུམ་པའོ།།
116b5 དེ་ནས་རང་གསལ་སེམས་དཔའ་རྡོ་རྗེ་དེས།། བློ་འདས་དོན་གྱི་སྟོན་པ་ལ་ཞུས་པ།། ཡང་ཏི་ལ་ཤན་རིན་ཆེན་ལྡན་མ་འདིར།། ཕྱི་རབས་གཏད་པའི་སྣོད་ཀྱི་ཁྱད་པར་གང་།། ཞེས་ཞུས་པས། གསང་བདག་སྟོན་པས་འཁོར་ལ་བཀའ་སྩལ་པ།
116b6 དགོས་འདོད་ཀུན་འབྱུང་ནམ་མཁའི་མཐའ་དང་མཉམ།། གསལ་བའི་གོ་འབྱེད་ཐམས་ཅད་ཡོངས་རྫོགས་པས།། ཐེག་པ་ལ་བློ་ཤན་འབྱེད་ཡང་ཏེ་འདི།། ལྷ་མིའི་འཇིག་རྟེན་གནས་སུ་དྲང་བའི་ཚེ།། རིན་ཆེན་ལྟ་བུར་སྡོད་ལྡན་གཅིག་ལ་གཏོང།
116b7 མ་མཁའ་ལྟེ་བུར་ཀློང་ཡངས་གཅིག་ལ་གཏོད།། ཉི་ཟླ་ལྟ་བུར་བློགས་ལ་གཅིག་ལ་གཏོད།། མ་འོངས་བསྟན་པའི་སྔོན་མཐེད་པར་འགྱུར།། ཞེས་གསུངས་སོ།། ལྟ་བ་ལ་ཤན་ཆེན་པོའི་རིན་པོ་ཆེའི་སྔོན་མ་རྩ་བའི་རྒྱུད་ལས། རྒྱུད་གཏད་པའི
iiif viewer powered by OpenSeadragon
116a - 117a