| | e-texts navigator
|
113a1 @#། འདོད།། ཡུལ་གྱི་རྣམ་པ་ཅིར་སྣང་བརྒྱན་པ་ལ།། སེམས་ནི་རིག་པང་ང་པོ་བདེན་པར་འདོད།། དབུ་མས་བདེན་པ་གཉིས་སུ་ཕྱེ་ནས་ནི།། ཡུལ་ནི་ཀུན་རྫོབ་འཁྲུལ་པའི་ལྟུང་བ་ལ།། སེམས་ནི་དོན་དམ་སྤོས་དང་ཐལ་བར་བལྟ།། ཀྲི་ཡས
113a2 ཀུན་རྫོབ་སྣང་བ་རིགས་གསུམ་ལྷ།། དོན་དམ་དག་པའི་ཆོས་ཉིད་དུ་བལྟའོ།། ཨུ་བས་རིགས་བཞི་དལ་དང་སྐྱེ་འགག་མེད།། ཡོགས་རིགས་ལྔ་སྐྱེ་འགག་གཉིས་མེད་ལྟ།། མ་ཧཱ་ས་སྣང་སྟོང་ཐབས་ཤེས་གཉིས་མེད་ལ།། ཨ་ནུས་རྒྱ་འབྲས་དབྱིངས་དང་ཡེ
113a3 ཤེས་ལྷ།། ཨ་ཏི་ས་ཀ་དག་ལྷན་གྲུབ་ངེས་མེད་ལྷ།། མིང་མེད་གཏིང་མཐའ་ཡས་པའི་ངོ་བོ་ལ།། དེ་ལྟར་ལྟ་བར་མིང་དུ་བཏགས་པས་ནོར།། ལྟ་བ་མ་སྐྱེས་ལྟབ་མ་འགགས་ཏེ།། ལྟ་བ་གཉིས་མེད་ལྟ་བ་རང་སར་གྲོལ།། ང་ཡི་ཡང་ཏེ་རིན་ཆེན་སྒྲོན་མ་འདིར
113a4 ཐེག་དགུའི་ལྟ་བ་མི་བསྒྲུབ་མུ་མཐའ་སྟོངས།། ལྟ་བ་ཆེད་དུ་མི་འགེག་མུ་མཐའ་སྟོངས།། དགག་བསྒྲུབ་གཉིས་སུ་མིང་མེད་མུ་མཐའ་སྟོངས།། གཉིས་མེད་མཐའ་གྲོལ་མིང་མེད་མུ་མཐའ་སྐྱོངས།། འབྲས་བུ་མཚན་ཉིད་སྡེ་གསུམ་ཐེག་པ་ཡིས།། དགྲ་བཅོམ་པས
113a5 རུ་སྐུ་གཞི་ཐོབ་པར་འདོད།། ཕྱི་བའི་སྔགས་ཀྱིས་ལོངས་སུ་ཞི་བའི་སྐུ།། མ་ཧཱ་ས་སྤུ་ལྔ་ཡེ་ཤེས་ལྔ་བསླབ་ཅིང་།། ཨ་ནུས་དབྱིངས་གཅིག་ཡེ་ཤེས་གཅིག་བསྒྲུབ་དང་།། ཨ་ཏིས་སྐུ་གཅིག་ཡེ་ཤེས་གཅིག་ཏུ་བསྒྲུབ།། དེ་ལྟར་གློས་བཏགས་ཐེག་པའི་རིམ་པ་ཡི།། ཐོང
113a6 @བྱ་འཐོབ་བྱེད་རང་སར་དག་པ་ཡིས།། ཐིག་ལེ་སྤྱི་བརྡོལ་གཏིང་མཐའ་མ་རྟོགས་པས།། འབྲས་བུ་སངས་རྒྱས་མེད་དུ་བཏག་པས་ཟུང་།། བསྒྲུབ་བྱ་སྒྲུབ་བྱེད་གཉིས་འཛིན་སྐྱེས་པས་བརླགས།། ཡང་ཏིལ་ཤན་རིན་ཆེན་སྒྲོན་མ་འདིར།། འཁོར་འདས་བླང་དོར་མ
113a7 གྲུབ་མུ་མཐའ་སྟོངས།། བླང་དོར་གཉིས་པོ་མི་འགོག་མུ་མཐའ་སྟོངས།། བླང་དོར་གཉིས་མེད་མི་འདོད་མུ་མཐར་སྟོངས།། གླང་དོར་གཉིས་ཚད་མི་འགོག་མུ་མཐའ་སྟོངས།། དེ་ལྟར་སྣར་སྲིད་འཁོར་འདས་ཆོས་རྣམས་ལ།། ཆེད་དུ་བསྒྲུབ་དང་ཆེད་དུ་འགེགས
iiif viewer powered by OpenSeadragon
112b - 113b