| | e-texts navigator
|
109b1 ཟང་བྲལ་རིན་ཆེན་སྒྲོན་མ་འདི།། ཛ་བ་ཟེར་ཡང་མ་གྲུབ་ནམ་མཁའ་བཞིན།། རྒྱ་ལས་མབྱུང་ནམ་ཡང་སྐྱེ་མི་འགྱུར།། སངས་རྒྱས་སེམས་ཅན་དབྱེར་མེད་ཛ་བ་གཅིག། གཅིག་པོ་བསྟན་དུ་མེད་པའི་སྙིང་པོ་པོ་ཉིད།། སྡང་སྲོང་རྟག་དང་ཆད་པའི་མཐའ་ལས་གྲོལ།། སྨད
109b2 བྱ་གཏན་པོ་གླང་དོ་དམིགས་འཛིན་བྲལ།། རིགས་དྲུག་སེམས་ཅན་འཁྲུལ་པའི་རྟོག་པ་དང་།། དུས་གསུམ་རྒྱལ་བའི་ཡེ་ཤེས་དགོངས་པ་གཉིས།། སྙིང་པོ་མེད་མེད་དོན་གྱི་ངོ་བོར་མཉམ།། མཉམ་དང་མི་མཉམ་ཉིད་ཀྱང་མགྲོན་བརྗོད་མེད།། མཚོན་བརྗོད་ཡོད་མེད
109b3 ཉིད་ཀྱང་གཏིང་མཐའ་གྲོལ།། མ་བྱུང་མ་སྐྱེས་རང་བཞིན་པར་དོན།། སེམས་ཉིད་ངོ་བོ་མཁའ་དང་འཇའ་ལྟར་གནས།། ཇི་བཞིན་མ་བསླད་སྙིང་པོ་ཀུན་གྱི་གཞི།། མ་ཕྱེད་མི་ཕྱེད་འགྲོ་འོང་མེད་པའི་གནས།། ཤེས་འགྲུ་མྱོང་རིག་མེད་པའི་དངོས་གཞི་ཅན།། མ་བྱུང་མ་བཙལ
109b4 དམིགས་མེད་དངོས་པོ་མེད།། བྱར་མེད་ཆགས་པ་མེད་པ་བདེ་བའི་ངང་།། འགྱུར་མེད་རང་གནས་ཀློང་ཡང་ས་ཚིག་ལས་འདས།། ཞེས་གསུངས་སོ།། རིན་ཆེན་སྒྲོན་མ་རྩ་བའི་རྒྱུད་ལས། གནས་ལུགས་གཏན་ལ་ཕབ་པའི་ལེའུ་སྟེ་གཉིས་པའོ།། །
109b5 དེ་ནས་རང་གས་ལ་སེམས་དཔའ་རྡོ་རྗེ་དེས།། བློ་འདས་གསང་བདག་སྟོན་པ་ལ་ཞུས་པ།། གནས་ལུགས་རང་བཞིན་དེ་ལྟར་གནས་པ་ལ།། འགྲོ་དྲུག་སེམས་ཅན་འདི་དག་ཇི་ལྟར་འཁྲུལ།། འཁྲུལ་པའི་ངོ་བོ་གང་ཡིན་འཁྲུལ་ཚུལ་གང་།། དེ་ཡི་ཉེས་པ་གང་ལགས
109b6 བཀའ་སྩོལ་ཅིག། ཅེས་ཞུས་པས། གསང་བདག་དོན་གྱི་སྟོན་པས་བཀའ་སྩལ་པ།། གནས་ལུགས་མཉམ་པའི་ངང་ལས་འཁྲུལ་ཚུལ་ནི།། སྟོང་པའི་ངང་ལས་འགྱུ་བ་རླུང་གཡོས་པས།། དེ་ལས་རིག་པ་རང་སར་ཤར་བ་ལས།། ཡིན་ནམ་མ་ཡིན་སྙམ་པ་ཡིད་དུ
109b7 མྱོངས།། སྐམས་བྱེད་འདོད་པས་སེམས་སུ་གསལ་བར་འགྱུས།། གསལ་བ་ཁ་དོག་ལྔ་རུ་སྣང་བ་ལ།། འོད་ཀྱི་དངོས་པོ་དེ་ཡིས་རྐྱེན་བྱས་ནས།། མེད་ལས་ཡོད་བྱུང་རིགས་དྲུག་སེམས་ཅན་རྣམས།། སྙིང་པོ་མེད་མེད་རང་ངོ་མ་ཤེས་འཁྲུལ།། དཔེར་ན་དམུས་ལོང་མདུན་ན
iiif viewer powered by OpenSeadragon
109a - 110a