e-texts navigator
Collection
Volume
Page
Wylie

104a1 @#།། རྟགས།། ཡང་རབ་ཏུ་ཀུར་ཐོད་རྒལ་ལ།། མིང་མེད་མཐའ་སྟོངས་རྟོགས་པར་བྱེད་པའི་ཐབས།། བྱ་བ་བཏང་ནས་བློ་འདས་རྟོགས་པ་ནི།། ཉོན་མོངས་དུག་ལྔའི་མིང་མེད་མཐའ་སྟོངས་སོ།། དུག་གསུམ་ཞེས་བྱའི་མང་མེད་མཐའ་སྟོངས་སོ།། རྣམ་རྟོག་མིང་མང
104a2 མཐའ་སྟོངས་སོ།། འགྲོ་དྲུག་སེམས་ཅན་མིང་མེད་མཐའ་སྟོངས་སོ།། ཁམས་གསུམ་འཁོར་བའི་མིང་མེད་མཐའ་སྟོངས་སོ།། འཁྲུལ་པ་ཞེས་བྱའི་མིང་མེད་མཐའ་སྟོངས་སོ།། མ་རིག་གཉིས་དངོན་ཡིད་མེད་མཐའ་སྟོངས་སོ།། སྣང་བ་ཆོས་སྐུ་སྟོང་པར་མཐའ་སྟོངས་སོ།། རིག་པ
104a3 ཆོས་སྐུ་རང་གྲོལ་མཐའ་སྟོངས་སོ།། ཆོས་ཉིད་རྩིས་གདབ་མེད་པར་མཐའ་སྟོང་སོ།། ལྟ་བ་ཡུལ་མེད་མཐའ་སྟོངས་སོ།། སྒོམ་པ་མིང་མེད་མཐའ་སྟོངས་སོ།། སྤྱོད་པ་ལ་མེད་མཐར་སྟོངས་སོ།། འབྲས་བུ་རྒྱུ་མེད་མཐའ་སྟོངས་སོ།། རེ་དོགས་སེམས་མེད་མཐའ་སྟོངས་སོ།། ཆོས་མེད་བཤད
104a4 མེད་མཐའ་སྟོངས་སོ།། ཐེག་མེད་འཇུག་མེད་གྲུབ་པའི་མཐའ་སྟོངས་སོ།། སེམས་རིག་མེད་པས་རྒྱུ་མཐའ་སྟོངས།། ཡུལ་སེམས་གཟུང་འཛིན་མཐའ་སྟོངས་སོ།། བཟང་མེད་ངན་མེད་སྤང་ལེན་སྟོངས།། དགྲ་མེད་གཉེན་མེད་ཕྱོགས་རིས་སྟོངས།། ཡིན་མིན་དབྱེ་བ་སལ་མཐའ་སྟོངས་སོ།། ཞེས
104a5 གསུངས་སོ།། ཉི་ཟླ་བཀོད་པའི་རྒྱུད་ལས། མིང་མེད་མཐའ་སྟོངས་རྟོག་ཐབས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཀུན་རིག་ཁྱེའུ་ཆུང་གིས། སྐྱེ་མེད་ཀ་དག་སྟོན་པ་ལ།། ཡུ་མཐའ་ཡས་པར་རྟོགས་ཐབས་གང་།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། བརྡ་དང་གནད་ཀྱི་སྒོ
104a6 ནས་བསྟན།། འཁོར་རྣམས་མ་ཡེངས་གུས་པར་ཉོན།། མུ་མེད་མཐའ་ཡས་རྟོགས་ཐབས་ལ།། ཆོས་རྣམས་བློ་ཡིས་ཞེ་འདོད་མི་བྱ་སྟེ།། སྣད་གྲག་ཆོས་རྣམས་གང་ལ་ཡང་།། ཞེ་འདོད་བཅས་བཅོས་ཆགས་སྡང་མེད་པར་གཞག། སྣ་ཚོགས་ཡུལ་སེམས་མ་ཆགས་ཏེ།། ཆོས་ཉིད་དང་གྲོལ
104a7 ལོ།། དེ་ཡིས་མུ་མེད་མཐའ་ཡས་རྟོགས།། ཀྱེ་མ་རྣལ་འབྱོར་སྐལ་པ་ཅན།། མུ་མེད་མཐའ་ཡས་རྟོགས་འདོད་ན།། གང་ལའང་མ་སེམས་ཅི་ལའང་ཞེ་འདོད་མེད་པར་ཤོག། རིག་པ་རྣམ་དག་ཡེ་སངས་རྒྱས།། སྣ་ཚོགས་རང་སྣང་རང་སར་གྲོལ།། བརྡ་ཡི་སྒོ་ནས་རྟོགས་ཐབས་ནི།།




iiif viewer powered by OpenSeadragon

103b - 104b

Texts on this page

Gdg001.3 - rgyud thams cad kyi spyi phud nyi zla bkod pa nam mkha'i mtha' dang mnyam pa'i rgyud