e-texts navigator
Collection
Volume
Page
Wylie

102a1 སུ་འཁྲུལ།། གཞི་ལ་མེད་དེ་ང་རྒྱལ་སྐྱེས་པ་ལས།། ལྷ་མིན་གནས་སྐྱེས་འཐབ་རྩོད་སྡུག་བསྔལ་མྱང་།། གཞི་ལ་མེད་དེ་འདོད་ཆགས་སྐྱེས་པ་ལས།། ལྷ་ཡི་གནས་འཁྲུལ་ལྟུང་བའི་སྡུག་བསྔལ་མྱོང་།། གཞི་ལ་མེད་དེ་ཕྲག་དོག་སྐྱེས་པ་ལས།། མི་སྐྱེས
102a2 ནས་འགྱུར་བའི་སྡུག་བསྔལ་མྱང་།། དེ་ལྟར་འགྲོ་དྲུག་སེམས་ཅན་ཐམས་ཅད་འཁྲུལ།། དཔེར་ན་ཐག་སྦྲུལ་སྡི་གི་ཆུ་ཆུང་འཁྲུལ་འདྲ།། གཞི་ལ་མེད་དེ་རྣམ་རྟོག་འཛིན་པས་འཁྲུལ།། ཞེས་གསུངས་སོ།། ཉི་ཟླ་བཀོད་པའི་རྒྱུད་ལས། འཁྲུལ་ལུགས་བསྟན་པའི་ལེའུ་སྡེ
102a3 གསུམ་པའོ།། །། དེ་ནས་ཀུན་རིག་གསལ་བའི་ཁྱེའུ་ཆུང་གིས།། སྙིང་པོ་ཀ་དག་ཆོས་སྐུ་ལ།། འཁྲུལ་པ་རྩད་གཅོད་གདམས་པ་གང་།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། དབང་པོ་རབ་འབྲེད་རྣམ་གསུམ་ལ།། འཁྲུལ་པ་གཅོད་ཐབས་རྣམ་པ་གསུམ།། ཐ་མའི
102a4 འཁྲུལ་པ་གཅོད་ཐབས་ནི།། འཁྲུལ་སྣང་ཡུལ་གྱི་རྩད་གཅོད་དང་།། འཁྲུལ་གཞི་ཀུན་གཞིའི་རྩད་གཅོད་དང་།། སེམས་དད་བག་ཆགས་རྩད་གཅོད་དོ།། འཁྲུལ་སྣང་ཡུལ་གྱི་རྩད་གཅོད་ནི།། དངོས་པོར་སྣང་བའི་ཡུལ་རྣམས་ལ།། དགག་བསྒྲུབ་སྤང་ལེན་མི་བྱ་སྟེ།། དབྱེ་བས་ལ
102a5 མེད་པར་དང་སར་བཞག། སྣང་ལ་རང་བཞིན་གྲུབ་པ་མེད།། དཔེར་ན་ཆུ་ཡི་ཟླ་བ་བཞིན།། ཅིར་སྣང་དེར་འཛིན་མེད་པས་ཆོག། འཁྲུལ་རྒྱུ་ཡིད་རིག་རྩད་བཅད་པ།། རིག་མེད་གང་ལའང་བློ་མ་སྐྱེས།། དེ་ཡིས་རིག་པ་འཁྲུལ་རྩད་ཆོད།། སྣད་སྲིད་འཁོར་འདས་ཡོད་མེད་སོགས།།
102a6 ཡུལ་སྨད་བཟང་ངན་གང་ལ་ཡང་།། མི་འགྱུ་མི་དཔྱོད་འདིན་ཞེན་ཆོད།། དེས་ནི་ཡེངས་འཁྲུལ་རྩད་ནས་ཆོད།། སེམས་ཀྱི་འཁྲུལ་རྩད་བཅད་པ་ནི།། དངོས་པོ་རྣམ་པ་སྣ་ཚོགས་ལ།། མི་པྱོད་མི་སེམས་གཟུང་འཛིན་མེད།། གང་ཡང་སེམས་པ་མེད་པ་ནི།། ཐིག་ལེ་ཉག་གཅིག་རྡོ་རྗེའི་སྐུ།།
102a7 འཁྲུལ་གཞི་ཀུན་གཞིའི་རྩེད་གཅོད་ནི།། ཡེ་མེད་མིང་མེད་སྐྱེ་བ་མེད།། འདོད་རློམ་རྩིས་གདབ་བློ་ཡུལ་འདས།། གཏི་མུག་མ་རིག་བག་ཆགས་དང་།། སྒྲིབ་གཡོགས་ཞེས་བྱའི་མིང་ཡང་མེད།། དེ་ནི་འཁྲུལ་གཞི་རྩད་བཅད་པའོ།། འཁྲུལ་པའི་རྩ་བ་ཆོད་པ་ན།། ཡན་ལག་འཁྲུལ་པ




iiif viewer powered by OpenSeadragon

101b - 102b

Texts on this page

Gdg001.3 - rgyud thams cad kyi spyi phud nyi zla bkod pa nam mkha'i mtha' dang mnyam pa'i rgyud