| | e-texts navigator
|
9b1 འབྱུང་བ་ནི་ཉི་མའི་ཟེར་ལྟ་བུའོ།། དེ་ཡང་དཔེར་ན་ཉི་མ་དང་འོད་བཞིན་ནོ།། རྡོ་རྗེ་སེམས་དཔའི་སྤྱན་གྱིས་རྣམ་དག་གསུང་པའོ།། ཐུགས་རྗེ་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐཾད་ཀྱི་ལམ་གང་ལགས།།
9b2 མེན་ངག་ཐཾད་ཀྱི་དོན་གྱི་ཕུཊ་གར་བཏུག། སངས་རྒྱས་ཐ~ཾད་ཀྱི་དགོངས་པའི་མཐར་ཐུགས་ཚད་ཅིས་བཟུང་། རྩོལ་བ་དང་བྲལ་བའི་སྐབས་ཇི་ཙམ་ན་ལགས། ཞེས་རྡོ་རྗེ་སེམས་དཔའ་ཉིད་ལ་བྷྲིད་ཞུསོ།། དེ་ནས
9b3 ཡང་རྡོ་རྗེ་སེམས་དཔའ་ཆོས་ཉིད་ཀུན་ཏུ་ཟང་པོའི་གློང་ནས། ཉིད་ལ་ཉིད་ལན་བཏབ་པ། སངས་རྒྱས་ཐཾད་ཀྱི་ལམ་ནི་གཉིས་དངོས་བཞི་རྣམས་པ་ལྔའོ།། མན་ངག་ཐ~ཾད་ཀྱི། དོན་གྱི་ཕུགས་ནི་སངས་རྒྱས
9b4 ཉགཅིག་ཏུ་བཏུའོ།། སངས་རྒྱས་ཀྱིས་དགོད་པ་མཐར་ཐུག་པའི་ཚད་ནི་སེམས་རིག་པའི་དབང་དུ་འདུས་པའོ།། རྩོལ་བ་དང་བྲལ་བའི་སྐབས་ནི།། མི་མཉམ་པའི་སྤྱོད་པ་ཀློང་དུ་བརྡུལ་བའོ།། རྡོ་རྗེ་སེམས་དཔའ་ཐུགས་རྣམ
9b5 པར་དག་པ་གསུང་།། རྡོ་རྗེ་སེམས་དཔའི་མན་ངག་གི་ལུང་ངེས་པ་འདི་ལ་གསུམ་སྟེ། སྙིང་པོ་ལ་སྙིང་པོ་ཤར་སྙིང་པོ་ཁྱབ་རྡལ། མི་འགྱུར་བ་ཀློང་ཡངས་པས་མཐའ་དབུས་སུ་བརྔུའོ།། དུས་རྒྱ་མ་ཆད་པས་འབྲས་བུ་དཀ
9b6 ཐུག་དག་པའི་ཡིས་རང་སྡང་ངོ་།། དེའི་ཕྱིར་ཕུགས་སྒྲིབ་པོ།། རྩེར་ཆི་བ་ལྷུན་གྱིས་གྲུབ། འཁོར་བ་ལོགས་ན་མེད། རྩ་བ་ཉག་ཅིག་ཏུ་ཐག་བཅད། རྡོ་རྗེ་སེམས་དཔའི་གསུང་གི་རྣམ་པར་དཀཱ་པའོ།། པད་མ་འཁྱིལ་པའི་རྒྱུད་ལ
9b7 དུས་མཉམ་བདུན་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་ཡང་རྡོ་རྗེ་སེམས་དཔའི་སྐྱེ་རྒྱུད་གསུང་པ། ཆོས་སྐུ་མཁའ་འདྲ་གཟུག་སྐུ་མཛེས་དགུར་ལྟ་ན། གཟུང་མཛིན་རྟོག་མེད་ཅིར་ཡང་མ་ལ་མཁྱེན། ཀུན་མཁྱེན་འག
iiif viewer powered by OpenSeadragon
9a - 10a