| | e-texts navigator
|
9a1 རྣམ་གྲོལ་གསུམ་ལ་མཁས་པ། དང་པོ་བར་དང་ཐ་མ་གསུམ།། ཆོས་སྐུ་ཐེག་ལེ་ཉ་གཅིག་གནས།། ཤིན་ཏུ་སད་པས་སད་པའི་བདག། དེ་ལ་རྡུལ་བྲལ་དྲི་མ་མེད།།
9a2 པདྨ་འཁྱིལ་པའི་རྒྱུད་ལས། མན་ངག་ཚིག་སུམ་གིས་སྐུ་གསུམ་ཐིག་ལེ་ཉག་ཅིག་དུ་བསྟན་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་དུས་མཉམ་ཆེན་པོ་གསུངསོ།། འདས་པའི་དུས་མ་བྱོན་པའི
9a3 སྔོན་རོལ་ན།། སངས་རྒྱས་ཉག་ཅིག་ཞེས་བྱ་བ།། རྒྱུས་མ་བྱས་རྐྱེན་གྱི་མི་འཇིག་པ།། འོད་དང་འོད་ཀྱི་ཚུལ་དུ་གནས་པསོ།། ཁམས་གསུམ་འཁོར་བའི་སེམས་ཅན་རྣམས།། དང་པོ་གནས་འོངས།། སངས
9a4 རྒྱས་ཉག་ཅིག་ནས་འོངས།། ད་ལྟ་ག་ན་གནས། ཉོན་མོངས་པ་ལྔ་ལ་གནས། ཐ་མ་གང་དུ་འགྲོ།། སངས་རྒྱས་ཉག་ཅིག་ཏུ་འགྲོ།། ཡང་དག་པའི་འཁྲུལ་གཞི་གཅད་པ་ཞེས་བྱའོ།། དུས་མཉམ་བདུན་པའི་མན
9a5 ངག་ལས།། དང་པོ་འཁྲུལ་གཞི་རྩད་ནས་ཆོད་པ་དང་།། བར་དུ་འཁྲུལ་པ་གཞི་ལས་ལོག་པ་དང་།། ཐ་མ་སངས་རྒྱས་པ་དང་གསུམ་དུས་མཉམ།། རྡོ་རྗེ་སེམས་དཔའ་ཞུས་པ།། བདག་སངས་རྒྱས་པས
9a6 ཚིག་གམ་ཞེས་ན།། མི་ཆོག་སྟེ་ཐུགས་རྗེ་འབྱུང་དགོས།། ཐུགས་རྗེ་འབྱུང་བའི་དུས་ཇི་ཏཱར་ལགས།། ཐུགས་རྗེ་དེ་ལ་གཉིས་ཏེ།། ཐུན་མོངས་དང་ཐུན་མོ་མ་ཡིན་པའོ།། ཐུན་མོང་ནི་འདུལ་བའི་ངོ་གང་ངོ་།། ཐུན་མོངས
9a7 མ་ཡིན་པ་ནི་བྱིན་གྱིས་བརླབས་ལས་འབྱུང་བ་སྟེ། དེ་ནིས་བདག་དབུགས་ཆད་པ་དང་། ཡིས་ཀྱི་སྣང་བ་དག་པ་དང་།། གཟུགས་སྐུ་གཉིས་འབྱུང་བ་དང་བཞི་དུས་མཉམོ།། ལོང་སྒྲ་མི་འགྱུར།། སྦྲུལ་སྐུ་འགྲོ་དྲུག་ལ་རེ་རེ
iiif viewer powered by OpenSeadragon
8b - 9b