e-texts navigator
Collection
Volume
Page
Wylie

8a1 གནས་པར་ལམ་རྫོགས་པ་ཡ་ཆོས་ཀྱི་ཐར། རྟགས་ལ། འདུ་ས་གནས་པ་ཡང་ཆོས་ཀྱི་ཐའི་ན་དུ
8a2 སུ་ཡང་ཆོས་ཀྱི་སྐུ་ཉིད་ལས་གཞན་དུ་མ་གྱུར་པས།། ཕྱིས་ཀྱང་དེ་ལས་མི་འགྱུར་ལ། དུས་གསུམ་འཕོ་འགྱུར་མེད་པ་ནི། རྫོགས་པ་ཆེན་པོ་ལ་ཟླ་བའོ།། དོན་ཆོས་ཉིད་ལསམ
8a3 གཡོས་ན། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཅི་བྱས་ཀྱང་། འབྲས་བུ་ལ་མི་རེ་བའི་ཕྱིར་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བྱའོ།། འཁྲུལ་བཞིའི་དོན་ལྔ་པ་ཞེས་བྱ་བ། ཟ་འོག་ཁྱིམ
8a4 གྱི་དགོངས་པ་གསུངས་པའོ།། དེ་ནས་ཐེག་པའི་འཁྲུལ་འཁོར་གསུངས། མུན་པའི་འཁོར་སྒོར་བྱུང་བ་ནི། རྟག་པའི་ལྟ་བ་དང་། ཆད་པའི་ལྟ་བ་མུ་སྟེགས་པའོ།། སྤྱོད་པའི་འདྲེན་སྒོར་བྱུང་བ་ནི།
8a5 ཉན་ཐོས་ཀྱི་ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ།། རང་རྒྱལ་གི་ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ།། སེམས་ཙམ་གྱི་ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་།
8a6 འབྲས་བུའོ།། དབུ་མ་པའི་ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ།། ཐུབས་ཀྱི་སྦྱོར་སྒོར་བྱུང་བ་ནི་ཀྲི་ཡིའི་ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ།། ཡོ་གའི
8a7 ལྷ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ།། ཐབས་ཀྱིངེས་པའི་གསང་སྒོ་ནི། མཎྜ་ལྟ་བ་དང་། སྒོམ་པ་དང་སྤྱོད་པ་དང་། འབྲས་བུའོ།། ཨ་ནུའི་ལྟ་བ་དང་། སྒོམ་པ་དང




iiif viewer powered by OpenSeadragon

7b - 8b

Texts on this page

Gbr008.9 - sku'i rgyud pad+ma 'khyil pa