e-texts navigator
Collection
Volume
Page
Wylie

7a1 མོངས་པའི་སྒྲིལ་པ་གསལ་ཏེ། ལྟར་རྣམ་རྟོག་ཡེ་ཤེས་སུ་ལྡང་བ་ཞེས་བྱའོ།། དེ་ལྟར་ནང་རིག་པ་ཆོས་ཀྱི་སྐུ་ཡིན་ཕན་ཆད་།
7a2 ཡུལ་ཆོས་ཀྱི་སྐུའི་སྣང་བ་སྟེ། དཔེར་ན་ཉི་མ་ལས་འོད་དང་། ཡིད་བཞིན་ནོར་བུ་ལས་དགོས་འདོད་དང་། རྒྱ་མཚོ་ལས་རླབས་བཞིན། ཆོས་ཀྱི་སྐུ་དངོས་པོ་དང་ཁ་དོག་དང་།
7a3 དབྱིབས་སུ་མ་གྲུབ་པའི་ཕྱིར་རོ།། རིག་པའི་རྒྱུད་ལས། ཡུལ་ན་སྣང་ལ་རང་བཞིན་མེད་ཞེས་བྱ་སྟེ།། དེ་ཡང་མགེ་ལ་སོགས་པ་སྒོ་ལྔའི་དབང་དུ་བྱ་སྟེ། རྟོགས་རུང་མི་རྟོགས་རུང་།། སངས
7a4 རྒྱས་རུ་ངམ་རྒྱས་རུང་སྣང་བའོ།། དེ་ཡང་སེམས་ནི་སྣང་ལ་དངོས་པོར་འཛིན་པའོ།། ཤེས་པ་ནི་ཕྱིན་ཅི་མ་ལོག་པ་སྟེ། ཐིག་ལེའི་རྩལ་ཐིག་ལེར་ཅིག་པས། ཕྱིན་པ
7a5 དུས་བསྡུས་ཏེ་ཐིག་ལེ་ལ་བརྟགས་པ། དེ་ལྟར་ཐིག་ལེ་ལ་བརྟགས་པས། དངོས་པོ་ཁ་དོག་ཇི་ལྟ་བུར་ཡང་མ་མཐོང་བའི་ཕྱིར་རོ།། ཆོས་ཐམས་ཅད་ནི་མཐུལ་དཀྱིལ
7a6 ལྟར་རྟོགས་ཏེ། རང་བཞིན་མེད་པ་ཞེས་བྱའོ།། དེ་ལྟར་ཐིག་ལེ་ལི་ཙ་ལ་ཐིག་ལེ་ལས་ཐིམ་དཔ་པར་རྟོགས་པ་དེ་ཉིད་ལ་སྭ་སྣང་བའི་ལས་བསམ་གྱིས་མི
7a7 ཁྱབ་པ་ཞེས་བྱ།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ། དོན་ངེས་ཤེས་བྱའི་སྒྲིལ་པ་དག་ནས། མ་སྦྱངས་བཞིན་དུ་སྒྲུ་བ་གཉིས་ཀྱང་།། མ་བསགས




iiif viewer powered by OpenSeadragon

6b - 7b

Texts on this page

Gbr008.9 - sku'i rgyud pad+ma 'khyil pa