e-texts navigator
Collection
Volume
Page
Wylie

6a1 བཞིན་ཐུགས་རྗེ་གསུམ་གྱི་ཆོས་ཉིད་ལས་མ་འདས་པའོ།། རྟོགས་སྟེ་སངས་རྒྱས་སྐུ་གསུང་ཐུགས་མཐར་ཕྱིན་ཀྱང་། ཛ་བ་རང་བཞིན་ཐུགས་རྗེ་གསུམ་གྱི་ཆོས་ཉིད་ལས་མ་འདས།། དེ་ལྟར་ཆོས།
6a2 ཀྱི་སྐྱེའི་འཁོར་ནི་རང་བྱུང་ཡེ་ཤེས་ཏེ། སྒོ་ལྔ་ཡིད་དང་དྲུག་ནི་རང་བྱུང་ཡེ་ཤེས་ཀྱི་འཁོར་ཞེས་བྱ་སྟེ། ཡིད་ཀྱི་ཐོག་མར་རྟོག་བྱས་སུ་མ་བྱུང་། རྟོག་མེད་དུ་བྱུང་བའི་ཕྱིར། ཡིད་རང་བྱུང་གི་ཡེ་ཤེས་བྱའོ།། དོན་དེ་ལྟར་སངས་རྒྱས་པ
6a3 ཡིན་པ་ལས། འཁོར་བ་ཇི་ལྟར་བྱུང་ཞེ་ན། འཁྲུལ་བཞི་ཡོད་པ་ལས་འཁྲུལ་པ་འབྱུང་སྟེ། ཆོས་སྐུ་དངོས་པོ་མེད་པ་ལས།། པོ་བོ་གཟུགས་བསྟན་དུ་སྣང་བ་དང་བཅས་པར་སྡང་ཏེ། དེ་ཡང་ཕྱོགས་ཅིག་ཏུ་རྒྱ་ཚད་པ་མེད་པས། སྣང
6a4 པ་བསམ་གྱིས་མ་ཁྱབ་པ་ཁྱབ་རྡལ་དུ་གནས་པ་ལས། ཡང་འགྲོགས་ཏེ་འདི་བྱུང་ངམ།། པ་ལས་འདི་བྱུང་མཉམ་པའི་བསམ་པ་དེ་ཙམ་བྱུང་བ་ལས། སེམས་ཅན་ཞེས་བྱའོ།། དེ་ཡང་འཁྲུལ་གཞི་ལ་ཡང་གཉིས་ཏེ། ནང་གི
6a5 འཁྲུལ་བཞི་ནི་ཆོས་ཀྱི་སྐུའོ།། ཕྱིའི་འཁྲུལ་གཞི་ནི་ཆོས་སྐུ་ལས་ཐ་མི་དད་པའི་ཆོས་ཀྱི་དབྱིངས་སོ།། ནང་དུ་ཆོས་ཀྱི་སྐུ་མ་ཤེས་པས་འཁྲུལ་པ་མ་རིག་པའོ།། བྱའི་འཁྲུལ་གཞི་ནི་ཆོས་ཀྱི་དབྱིངས་ལ། འཁྲུལ་པ་ནི་ཡུ
6a6 དད་པར་ལྟའོ།། དེ་ལས་འཁྲུལ་པ་ཐ་དད་པར་བསྟན་ཏེ། ཆོས་སྐུ་ཡེ་ནས་སངས་རྒྱས་ཀྱང་། མ་རིག་པའི་རྒྱུ་ཙམ་ཡིན། དེ་ལ་ཡིད་དྲན་བྱེད་གཡོས་ནས།། ཀུན་ཏུ་ཚོལ་བའི་ཡིད་ཀྱིས་བཅས།། གཏན་ལ་འབེབས
6a7 པས་ལེག་པ་ས།། ངེས་པར་འཇོགས་ལས་བཞག་ནས། བག་ཆགས་སྱེ། ལས་སྣ་ཚོགས་ཀྱིས། ཕུང་པོ་ཉིད་འཚམས་ཀྱ་སྟེ་རིགས་དྲུག་པུ་འཁོར་རོ།། དེ་ནི་ཉན་མོངས་པའི་བདུས་ཡིན་ནོ།། ཉོན་མོ




iiif viewer powered by OpenSeadragon

5b - 6b

Texts on this page

Gbr008.9 - sku'i rgyud pad+ma 'khyil pa