e-texts navigator
Collection
Volume
Page
Wylie

5b1 སྭ་བུར་ཤེས་པར་བྱའོ།། རིག་ཀྱི་ཕུ་བར་མརྡ་མི་ཤེས་པ་ལ་བདུད་ཀྱི་སྤུན་བཅོ་བརྒྱད་འབྱུང་ངོ་།། རྨུ་ལུས་ཀྱི་ཕུང་པོ་ཨ་ལ་ཟློག་ཅིག། རྣམ་པར་རྟོག་པ་ཧཱུཾ་ལ་ཟློག་ཅིག། སྣང་བའི་སྤྱོད་ཡུལ་ཐམས་ཅད་རང་བྱུང་གི་ཡེ
5b2 ཤེས་ཆེན་པོ་ལ་ཟློག་ཅིག། རིག་པ་ཤེས་རབ་ཆེན་པོ་ལ་ཟློག་ཅིག། ཤེས་རབ་ཀྱིས་འདས་བག་ཆགས་ཀྱི་གཉིད་སད་པར་བྱའོ།། འོད་སྣང་བའི་དུས་སུ་ཕྱིར་མི་ལྡོག་པའི་གདམ་ངག་སྨྲས་པ་ཀ་རིག་ཀྱི་བུ་ཡེ་ཤེས་ཀྱི
5b3 བདེན་པ་མཐོང་བའི་དུས་སུ།། ཤེས་རབ་མཁའ་ལས་གསལ་བའི་དུས་ན།། འུང་ཆུབ་ཏིང་ངེ་འཛིན་གྱི་རྒྱས་ཐོབ་ཅིག། ཡེ་ཤེས་ལྔའི་འོད་སྣང་བའི་དུས་སུ། རིན་པོ་ཆེ་ཨའི་རྒྱས་ཐོབ་ཅིག། སངས་རྒྱས་ཀྱི་ཞིང་ཁམས
5b4 སྣང་བའི་དུས་སུ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྒྱས་ཐོབ་ཅིག། ཞེས་གསུངས་སོ།། པདྨ་འཁྱིལ་བའི་རྒྱུད་ལས། འཁོར་བ་གྲུབ་ཚུལ་དང་། བརྒྱ་མདུད་གསུམ་པའི་ལེའུ་སྟེ་གསུམ་པའོ།།
5b5 དེ་ནས་ཟ་འོག་བེར་ཁྱིམ་དང་ཐེག་པ་འཁྲུལ་འཁོར་གསུངས་པ། ཐོག་མ་མ་རྟོགས་འཁོར་བ་མ་བྱུང་། རྟོག་པས་སངས་རྒྱས་མ་བྱུང་བའི་སྔོན་རོལ། སྒྲིབ་གཉིས་སྦྱང་ཚོགས་གཉིས་བསགས་ནས་རྒྱས་པལ། སངས་རྒྱས་ཁ
5b6 མིག་རྣ་བ་ཅན་དུ་བསྟོད་པ་ནི་ཅང་མི་བཞུགསོ།། འོ་ན་གང་ཞེ་ན། རིག་པ་ཀུན་ཏུ་བཟང་པོར་སངས་རྒྱས་ཏེ། ངོ་བོ་རང་བཞིན་ཐུགས་རྗེ་རྣམ་པ་གསུམ་དུ་གནས་ཏེ། ཕའི་རྒྱུད་དང་མའི་རྐྱེན་གྱིས་མ་བྱས་ཏེ། རང་བྱུང་ལྷུན་གྱིས་གྲུབ
5b7 པའོ།། སངས་རྒྱས་དང་སེམས་ཅན་དབྱིངས་ཅིག་ཞེས་བྱ་སྟེ། དེ་ནི་འཁྲུལ་གཞིའོ།། ལ་ཁྲུལ་གཞི་ལྔ་འཁྲུལ་པ་དང་། མ་འཁྲུལ་འབྱུང་བ་ནི། སེམས་ཅན་འཁྲུལ་ནས་ལུས་ངག་ཡིད་གསུམ་དུ་གནས་པའི་དུས་ན་ཡང་། ངོ་བོ་རང




iiif viewer powered by OpenSeadragon

5a - 6a

Texts on this page

Gbr008.9 - sku'i rgyud pad+ma 'khyil pa