| | e-texts navigator
|
4b1 གསེར་མིག་ཁོ་ན་སྦས་པའི་ཚིག་གོ།། རིན་ཆེན་གསེར་དང་འདྲ་སྟེ་ཀུན་ལ་དཀོན། ཡེ་ཤེས་མིག་དང་རྟག་ཏུ་འགྲོགས་ཏེ།། དེ་ཕྱིར་གསེ་མིག་ཞེས་ཀྱི་དེ་ལ་བྱ།། པདྨ་འཁྱིལ་བའི་རྒྱུད་ལས། རིན་པོ་ཆེ་གསེར་མིག་གི་མན་ངག་བསྟན་པའི་ལེའུ་སྟེ་གཉིས
4b2 པའོ།། ། དེ་ནས་འཁོར་བའི་གྲུབ་ཚུལ་འདི་དག་བཀའ་སྩལ།། དགྱིས་ནི་འབྱུང་བ་མེད་པར་གནས། གསུང་རྟོགས་གང་གིས་བསྒྱུར་མིན་གནས། འོད་གསལ་རྒྱུ་ལུས་སྣང་བ་དང་།། དེ་ནི་རང་བཞིན་རང་ཤར་གནས།། རྟོག
4b3 བཅས་ཡེ་ཤེས་རང་རིག་ནི། མི་རྟོགས་ཡེ་ཤེས་བདེ་ཆེན། གནས། ཡིད་ཀྱི་རྣམ་རྟོག་སུ་མ་ལས།། རྟེན་འབྲེལ་བཅུས་སྲིད་ཙ་སྟོན།། གླིང་བཞི་རི་རབ་སྲིད་གསུམ་བཅས། ཡུལ་དུ་ཤར་བར་ཆགས་ནས་སྲེད།། བག་ཆགས་ལུས་ནི་སྣ་ཚོགས་པའགྲོ་བ
4b4 དྲུག་དུ་སྣང་བའོ།། རྡོ་རྗེ་སེམས་དཔས་མཁྱེན་པ་ལྟར།། སེམས་ཀྱི་བཞག་ཐབས་དབུག་བྱུང་བ། བློ་བརྟེན་བསྒོམ་པ་རྟེན་མི་བརྟན། བཅོ་བརྒྱད་བདུད་དང་སྐྱོན་ཤར་ཡང་། སྒོམ་པའི་ཕྱོགས་སྣང་སྐྱོམ་ལས་གྲོལ། འཁྲུལ་པར་ཤེས་ནས་རང་རིག་དང་། 9
4b5 མི་རྟོག་ཐམས་ཅད་མཁྱེན། རྩལ་དུ་ཤེས་ཨོཾ་ཨརྠ་ཧཱུཾ། སྐུ་གསུམ་བཅོམ་ལྡན་རྡོ་རྗེ་འཆང་། འཁོར་ས་གྲུབ་ཚུབ་ཤེས་པ་ནི་འཁྲུལ་བཞི་དེ་མ་ཉིད་བཟློག་པའོ།། དེ་ནས་འཆི་ཀ་མ་ལས་ཀྱི་རིན་པོ་ཆེས་འཁོར་བའི་མཐའ་སྤྱད་པ་སྐྱེ་བའི
4b6 སྒོ་དགག་པའི་ཐབས་མཆོག་ཏུ་གསུངས་པ། བདག་ནམ་འཆི་བའི་ཚེ་རླུང་རྣམ་པ་ལྔ་རིམས་ཀྱིས་ཞི་ནས།། ཕྱིའི་འབྱུང་བ་ལྔ་ནང་གི་འབྱུང་བ་ལྔ་ལ་ཐིམ་ནས།། ནང་གི་འབྱུང་བ་ལྔ་ཡུམ་གྱི་མཁའ་ཐོང་རྣམ་པ་ལྔ་ལ་ཐིམ།། ཡུམ་ལྔ་རིགས་ཀྱི་ཡབ་རྣམ
4b7 པ་ལྔ་ལ་ཟིནམ་ཏེ། ཡས་སུ་ས་སོའི་ཡིག་འཕྲུ་ལྔ་ལ་ཟིས་ནས། ཡིག་འཕྲུལ་ཡེ་ཤེས་ལྔ་ལ་ཐིམ། ཡེ་ཤེས་ལྔ་ཚད་ཀྱི་གོང་སུ་མཚོན་གྱི་གྲུ་ལུ་འདག་པ་བཞིན་གནས་སོ།། དེ་ཡིས་རླུང་གིས་བསྐྱོད་ནས། གཡས་གཡོན་དུ་འབྱུང་སྟེ།
iiif viewer powered by OpenSeadragon
4a - 5a