| | e-texts navigator
|
4a1 ཆགས་དང་བྲལ་བའི་ཤེས་པ་ནི། ར་སོ་ལ་འདུག་པའི་དུས་ན་ཆོས་ཀྱི་སྐུ་ཞེས་བྱལ། བག་ཆགས་དང་བྲལ་བའི་ཤེས་པ་ལ་ཡུལ་སུ་པའི་དབལ་དུ་བྱས་པའི་ཚེ་ན། ཆོས་ཀྱི་སྐུའི་ཡེ་ཤེས་ཞེས་བྱའོ།།
4a2 དེ་མ་ཡིན་པ་རྣམ་ལ་ནི་། ལྟ་བའི་དངོས་པོ་གསུམ་ལ། མ་སོང་གནས་སུ་དག་པ་ཡེ་ཤེས་འོད་ཀྱིས་མ་བཙལ་རང་ལས་རྙེད་པ་ནོར་བུ་རིན་པོ་ཆེ། གཞན་གྱི་འོད་ལས་མ་བརྟེན་ཡེ་ཤེས་ཉི་མ་ངསལ་ཤར། ཤར་ས་ཉིད་ན་ནུབ་པ་མེད།། ལྟ་བའི་རྒྱང་རྟེན
4a3 གསུམ་ལ།། རྒྱུ་ལས་མ་བྱུང་བའི་འབྲས་བུ། ལུང་ལ་མ་རྟེན་པའི་མན་ངག། སེམས་ལས་མ་བྱུང་བའི་སངས་རྒྱས་སོ།། སྒོམ་པའི་དམིགས་དྲུག་ལ་སྣང་ལ་རང་བཞིན་མེད་ན་མཁའ་ཆེན་པོ་ཡིན་ཅར་ཡང་བསྒྱུར་དུ་བཏུབ་པས་སྤྲུལ་པ་ཆེན
4a4 ཡོ་ཡན། མཐོང་རྟོགས་རྒྱུ་མའི་རང་བཞིན་རྣམ་རྟོག་ཅིར་མི་བསམ། བསམ་པ་ཀུམ་སྤངས་ཡེ་ཤེས་མཚོ་མི་གཡོ།། དེའི་དཔལས་མ་བསྐྱོད་ལྷནི་ཞོག། ལྷནི་ལྷ་དེར་བཞག་ན་མཉམ་པ་ཆེན་པོ་ཡིན། ལས་མི་སྤྱོད། ངག་མི་བརྗོད། སེམས་སྒོ
4a5 དྲུག་འཁྲུལ་ལ་ཡུལ་ལས་འདས་ནས། ཡུལ་སྤོལ་བ་དང་བྲལ་བ་ནི་སྨོས་པའི་སྨོན་ཏོ།། ལྦུ་བ་ཀུན་སུ་བཟང་པོ་། ཁམ་གསུམ་ཐིག་ལེ་བཏག། སྤྱོད་པ་ཀུན་ཏུ་བའང་པོ་འཁོ་བར་བདེ་བར་སྲུང་།། དམ་ཚིག་ཀུན་ཏུ་བཟང་པོ་བསྲུངས་སྡེང་དང་ལྡན།། འཛིན
4a6 ལས་ཀུན་ཏུ་བཟང་པོ་མ་བརྩལ་ལྷུན་གྱིས་གྲུབ།། མདོ་དྲུག་ལ། ངོ་བོ་ཉིད་ཆོས་ཀྱི་སྐུ་དང་། ཡེ་ཤེས་ཆོས་ཀྱི་སྐུ་དང་། གནས་ལུགས་དང་། གནང་ལུགས་དང་། ཆོས་ཀྱི་མཐར་བཏུགས་པ་དང་། མན་ངག་གི་ཀློང་བཏོལ་བའོ།། མན་ངག་ཀློང་བཏོལ
4a7 བ་ལ་གཉིས་སྟེ། ཡོན་གྱི་སྐུའི་ཀླང་རྟོལ་དང་། ཡུལ་གྱི་ཡེ་ཤེས་ཀྱི་ཀློང་བཏོལ་བའོ།། མན་ངག་གི་མདོ་དྲུག་གིས་ཡེ་ཤེས་ཀྱི་མཐུ་སྤོང་ངོ་།། དང་པོ་འཁོར་པ་ཐོག་མ་མེད་པའི་གནས་ལུག་ནས།། གསེར་མིག་དབུས་སུ་རྫོགས་པར་བསྟན་པ་ནི།
iiif viewer powered by OpenSeadragon
3b - 4b