e-texts navigator
Collection
Volume
Page
Wylie

3b1 བུམ་པ་མན་ཆད་ནི་རྒྱུ་འི་ཆོས་ཏེ་ཉན་ཐོས་སོ།། བྲེ་ཕུལ་དང་སྲོག་ཤ་པེ་ཡན་ཆད་ནི། འབྲས་བུའི་ཆོས་ཏེ་བྱང་ཆུབ་སེམས་དཔའོ།། འཁོར་ལོ་ཡོངས་སུ་རྫོགས་པ་ནི་བླ་ན་མེད་པ་ཏེ་ཨ་ཏི་ཡོ་གའོ།། བཀྲ་ཤས་སྒོ་མངས་ནི་ཐེག་པའི་སྒོ་བསམ་གྱིས།
3b2 མི་ཁྱབ་པའོ།། མེ་ལོང་ན་ཡེ་ཤེས་བཞིའོ།། དྲིལ་བུ་ནི་གསུངས་པ་མེད་པའོ།། རིན་པོ་ཆེ་ནི་ཡོན་ཏན་ཏོ།། དར་སྦྱངས་ནི་མཉེན་འཁྲིལ་བ་སྟེ། སེམས་ཀྱི་དོན་ལ་ཆགས་ཀྱང་སྐྱོན་མེད་པའོ།། བྱ་རུ་ནི་རྒྱལ་མཚན་གྱི་རྩེ་མོ་ལ་ནུབ་པ་མེད
3b3 པའོ།། རྟོག་ནི་མི་འགྱུར་བའོ།། ཐ་སྙད་ཀྱི་དབང་གིས་ཡང་དག་པར་གདགས་སུ་ཡོད་པ་དང་། གདགས་པ་ཙམ་དུ་ཡོད་པ་གཉིས་ལས། ཡང་དག་པར་གདག་སུ་ཡོད་པ་ནི་ཆོས་ཀྱི་སྐུ་ཡིན་ལ། གདགས་པ་ཙམ་དུ་ཡོད་པ་ནི་དོན་སྤྱིར་རྣམ་པའོ།
3b4 སྟོང་པ་ལ་རྣམ་པ་གཉིས་ཏེ། དངོས་པོ་ལ་སྟོང་པ་དང་། དངོས་པོ་མེད་པ་ལ་སྟོང་པ་གཉིས། དངོས་པོ་ལ་སྟོང་པ་ནི་དོན་ཕྱིའི་རྣམ་པའོ།། དངོས་པོ་མེད་པོ་ལ་སྟོང་ནི་ཆོས་ཀྱི་དབྱིངས་སོ།། ཡོད་པ་ལ་རྣམ་པ་གཉིས་ཏེ། ཡང་དག་པར་ཡོད
3b5 པ་ནི་ཆོས་ཀྱི་སྐུའོ།། བདེན་པ་ལ་གཉིས། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ།། ཀུན་རྫོབ་ཀྱི་བདེན་པ་ནི་རྨི་ལམ་ལྟ་བུའོ།། དོན་དམ་པའི་བདེན་པ་ནི་མི་འགྱུར་བའོ།། སྒྲོན་མ་རྣམ་པ་ལྔ་ནི་སྒོ་ལྔའི་རྣམ་པར་ཤེས་པས་གསལ་བའི་ངོ
3b6 པོ་སྟེ། སྟོང་པའི་ཆོག་དྲུག་ལ་རྒྱས་བཏབ་པས་ཆད་པའི་མཐའ་གསལ་ལོ།། སྟོང་པས་སྒྲོན་མ་ལྔ་ཁ་རྒྱས་བཏབ་པས། རྟག་པའི་མཐའ་གསལ་བའོ།། རིག་པ་ཆོས་ཀྱི་སྐུ་ལ་རྣམ་པར་རྟོག་པའི་བག་ཆགས་སྨད་པའི་ཤེས་པ་ལ་སེམས་ཞེས
3b7 བྱའོ།། དེ་ལས་ཡིད་དྲན་བྱེད་ཀྱི་ཚོར་བ་ལ་སོགས་ཏེ། ཡིད་བཞི་གཅིག་ཏུ་འདུས་པ་ལ་ཀུན་བཞི་ཞེས་བྱ་བ་སྟེ། དེ་ལ་སྒོ་ལྔའི་རྣམ་པར་ཤེས་པ་ཞེས་བྱ་སྟེ་འཁོར་བའི་རྒྱུད་ཁོ་ནའོ།། ཀུམ་གཞི་ཀུན་གྱི་གཞི་ཡིན་ཏེ། རྣམ་པར་བྱ་བའི་རྟེན་མ་ཡིན། པག




iiif viewer powered by OpenSeadragon

3a - 4a

Texts on this page

Gbr008.9 - sku'i rgyud pad+ma 'khyil pa