e-texts navigator
Collection
Volume
Page
Wylie

3a1 བྱུང་ནས་མི་སྣང་བའི་ངང་དུ་ཤེགས་སོ།། དེར་བྱང་ཆུབ་སེམས་དཔའ་རྒྱལ་ཏེ་སྣང་བར་གྱུར་ནས་གཉིས་སུ་མེད་པར་ཐིམ་པའི་དུས་ན། རྟོག་པ་སྐད་ཅིག་མར་གྲུབ་པོ།། ནམ་གྲོ་ཅིག་ཏུ་རྒྱལ་ཏེ། སངས
3a2 ཙ་ན་དེ་ཉིད་དེ་བཞིན་ནོ།། རྡོ་རྗེ་སེམས་དཔའ་འགྱུར་བ་མེད་པ་མི་འགྱུར་ན་མཁའ་ལུང་ཅེས་བྱ་བ། རིག་འཛན་བརྡའི་རྒྱུད་པ། སྒྲ་ཐང་ལོག་ཏུ་བསྟན་པ་རྡོ་རྗེ་ཅན་གཅིག་པའོ།། པདྨ་འཁྱིལ་བའི་རྒྱུད་། རྒྱུད་པ་གསུམ་པ་ཞེས་བྱ་བ
3a3 ལསཿདུས་གསུམ་གྱི་སངས་རྒྱས་དགོངས་པས་བརྒྱུད་པ་དང་། རིག་འཛིན་རྣམ་རིག་པ་བརྡས་བརྒྱུད་པ་བསྟན་པའི་ལེའུ་སྟེ་དང་པོའོ།། ཨརྱ་པྲད་ཛྙཱ་ཙཀྵུ་རཏྣ་པན་ཙ་ཏན་ཏྲ་ན་མ། དེ་ནས་རིན་པོ་ཆེ་གསེར
3a4 མིག་ལ་སོགས་ཏེ་དོན་སྐོར་ལྔའི་མན་ངག་གསུངས་པ་ནི། བཅོམ་ལྡན་འདས་མཉམ་པའི་ཆོས་ཉིད་ཞི་བ་ལས་མ་གཡོས་ཀྱང་། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས་གཟུགས་ཀྱི་སྐུ་དཔལ་སེམས་དཔའ་ལྟ་བུར་སྤྲུལ་པ་སྟེ། ཐམས་ཅད
3a5 མཁྱེན་པའི་ཡེ་ཤེས་རྡོག་པ་མངོན་དུ་གྱུར་པ་ནི་གདམས་ངག་རྣམས་པ་གཉིས་སུ་འདུས་ཏེ། དེ་མཚོན་པར་བྱེད་པ་གདམ་ངག་རྣམ་པ་ལྔ་ཚག་དང་ཡི་གེའི་སྒོ་ནས་བསྟན་ཏོ།། དབང་པོ་རབ་འབྲིང་ཐ་མའི་དབང་དུ་དགོད་ནས།། ནང་བསྐོར་དང
3a6 གསུང་བསྐོ་རྣམས། ཁ་སྐོངས་དང་བཅས་པ་མི་བླ་མའི་ཞལ་དང་སྒྱུས་སུ་སྦྱར་ནས་བཤད་དོ།། སླད་ཀྱི་ཚིག་གཉིས་ཀྱི་ཞུས་ལན་གྱི་སྒོ་དབྱེ། གཞུང་གི་ཚིག་བཞིས་མནང་གི་ཀློང་བཏོལ། འཇུག་གི་ཚིག་གསུམ་གྱི་མ་རྟོག
3a7 པའི་རྒྱ་བཅད། ཆེ་བའི་ཡེ་ཤེས་ཐུན་མོངས་མེན་པའི་ཕྱིར་བཀའ་རྟགས་ཀྱི་ཕྱག་རྒྱས་གདབ། ད་ནི་གསེར་མིག་དྲིལ་ཏེ་བསྟན་པ་ནི། གསེར་མིག་རང་ལ་བཅར་ཏེ་བཤད། མཆོད་རྟེན་ལ་ཁྲི་འཕང་དགུར་བྱུང་བ་ནི། ཐེག་པ་དགུའི་བརྟ་གསོད




iiif viewer powered by OpenSeadragon

2b - 3b

Texts on this page

Gbr008.9 - sku'i rgyud pad+ma 'khyil pa