| | e-texts navigator
|
2a1 རྒྱ། མེད་པོ་པ་ཉིད་ཡིན་གྱིས། གཞན་མ་ཡིན་ནོ།། རྒྱུད་ཐམས་ཅད་ཀྱི་རྩ་བ་ན་དེའི་རིག་པ་རང་བྱུང་གི་ཡེ་ཤེས་སོ།། ང་མ་གཡོས་པའི་ངང་དུ་ཀུན་ཏུ་བཟང་པོའི་ཀློང་ནས།། རང་རིག་པ་ལ་ཡེ་ཤེས
2a2 ཤར་བའི་ཕྱིར། ཀུན་ཏུ་བཟང་པོ་དོན་དམ་པའི་རྒྱུད་ཆེན་པོ་ཡི་གེ་མེད་པའི་རྒྱུད་ཅེས་ངས་བསྟན་ཏོ།། དེའི་དོན་མ་ནོར་པར་བསྟན་པ་ནི། ལུང་གི་རྒྱལ་པོ་མི་འགྱུར་སེམས་ཀྱི་ལུང་ཅེས་བྱའོ།། དེའི་ཕྱིར་དུས་གསུམ་གྱི་སངས་རྒྱས་དགོངས་པས་བརྒྱུད་པ་ནི།
2a3 རྡོ་རྗེ་སེམས་དཔའོ།། མ་འཁྲུག་པའི་སངས་རྒྱས་ལ། མ་བྱས་པའི་ཆོས་བསྟན་པ་ནི། ང་རྡོ་རྗེ་སེམས་དཔས་བསྟན་ཏོ།། མི་འགྱུར་བའི་ལྟ་བ་ལ་བརྩལ་དུ་མེད་པར་བསྟན་པ་ནི། ཀ་དག་པའི་ཡེ་ཤེས་རང་སྣང་བའོ།། དེའི་ཕྱིར་ན་ཆོས་ཐམས་ཅད
2a4 བསྟན་པ་ཞེས་བྱ་བ་སྟེ། དུས་ནི་རྗེས་སུ་འཇུག་པའི་དུས་སུ་བསྟན་ཏོ།། དེ་ནས་འདི་སྐད་ཅེས་སྨྲས་སོ།། བྷ་བྷུ་བ་ཏྲིས་དྷོ་ནི། བརྡའ་གསུམ་ཡན་རག་གིས་བསྟན་པ། ཀྱེ་མཀྱེ་མ་འཁོར་གྱི་རིག་པ་འཛིན་པ་རྣམས་ཉོན་ཅིག། ལེགས་པར
2a5 ཡིད་ལ་ཟུང་ཅིག། སྟོན་པས་བསྙམ་པའི་ལུང་མ་ནོར་བར་ངས་རྣ་བའི་དབང་པོས། ཉན་ཏེ། དྲི་བཞིན་པ་རབ་སྣང་བའི་དུས་ན། རིག་འཛིན་བརྡས་བརྒྱུད་པ་གསུམ་ཏེ། སྣང་བའི་བརྡས་དངོས་པོ་ཐམས་ཅད་མི་རྟོག་པར་སྟོན།། བྱས་པའི་བརྡས
2a6 འདུས་བྱས་ཐམས་ཅད་སྒྱུ་མ་སྟོམ།། སྦྲུལ་བརྒྱུད་ཀྱི་བརྡས་ཐོག་མའི་རངས་ངོས་བསྟན་པའོ།། ཙནྡྲ་པ་ལི་ཧཾ་ཀ་ར། ཏྲི་ཀ་ལི་ཀ་དུ་རད་ར། ཏྲི་ཙནྟ་བྷ་བྷཱུ་ཏི་ཧ་ཨ། བྷ་བྷ་ཏྲི་སན་ཏི་ན་མ། རྡོ་རྗེ་སྤྱན་ཅིག་པ་སངས་རྒྱས་ཐམས་ཅད་ཀྱི་དགོང
2a7 པ་འདུས་པ་ནི། རྡོལ་བ་ལག་ན་ཀ་ཏི་ས་ནི། ཙནྡྲ་ལོག་སྤྱོད་ཅན་ལ་བསྟན། སྣང་བརྡའམ་སྣང་བའི་བརྡས་བྱས་པའི་བརྡའ།། བྱ་མ་བྱས་པའི་བརྡའ། ཝཱ་ཟླ་ཁང་པར་བཞུགས་པའི་བརྡོའོ།། རྡོ་རྗེ་ལྟར་བསྒྲེད་པ། བུ་ཆུང་ལྟར་གནས་པ
iiif viewer powered by OpenSeadragon
1b - 2b