| | e-texts navigator
|
28b1 ཀློང་ཀུན་ཏུ་བཟང་མོ།། རྟོགས་པ་ཀུན་ཏུ་བཟང་བའ་རང་བཞིན་གསུམ་ནི་རང་བཞིན་སྙིང་པ་མེད་པ། རང་བཞིན་བདེ་བ་ཆེན་པོ།། རང་བཞིན་སྙིང་པོ་ཅན་ན།། ལ་ཟླ་བ།
28b2 གསུམ་ལ་རྒྱུའི་ཆོས་སུ་ལ་ཟླ་བ་དང་། འབྲས་བུའི་ཆོས་སུ་ལ་ཟླ་བ་དང་། རྒྱུ་འབྲས་གཉིས་མེད་དུ་ཟླ་བའོ།། ཞེས་རིན་པོ་ཆེ་གཏེར་གྱི་འབྱུང་གནས་གསུངས་སོ།། པད་མ་འཁྱིལ་པའི་བརྒྱུད་ཆེན་པོ་འདི།
28b3 རྡོ་རྗེ་འཆང་ཆེན་རྒྱལ་བ་ཡིས།། དགོངས་པ་བརྒྱུད་ནས་བཤད་པ་ཡིན།། འཁོར་རྣམས་དགྱེས་ནས་རབ་ཏུ་བསྟོད།། རྒྱལ་བ་དགོངས་པས་བརྒྱུད་པ་ཡིས།། ཕྱི་རབས་རྣལ་འབྱོར་དབང་ཕྱུག་རྣམས།། སངས
28b4 རྒྱས་ཞལ་ནས་གསུངས་པར་ནི།། ཡིད་ཆེས་འགྱུར་བས་རབ་ཏུ་དང་།། རིགས་འཛིན་རིག་པའི་བརྡས་བརྒྱུད་པས།། ཟབ་མོའི་མན་ངག་རྒྱ་ཆེར་འགྱུར།། གང་ཟག་སྙན་ཁུང་བརྒྱུད་གསུངས་པའོ།།
28b5 མན་ངག་ཐུགས་ཀྱི་རྒྱུད་ཆེན་འཐིགས།། ནང་སྐོར་ལྔའི་མན་ངག་དང་།། གསང་སྐར་ལྔ་དང་དགུ་པ་དང་། གང་ཟག་ཆ་རྐྱེན་རྣམས་གསུམ་གྱི།། རྒྱ་ཆེན་རབ་ཟབ་བརྒྱུད་གསུངས་པ།། མ་འོང
28b6 དོན་དུ་ལུང་བསྟན་གསུངས།། རྡོ་རྗེ་འཆང་ཆེན་ཁྱོད་ལ་འདུད།། ཞེས་གསུངས་ནས།། སྟོན་པ་འཁོར་དང་བཅས་པ་རྣམས་ཆོས་ཀྱིས་སྐུ་ཐིགས་ལེ་ཉག་གཅིག་དུ་དབྱེར་མེད་པར་བཞུགས
28b7 སོ།། སྟོན་པ་རྡོ་རྗེ་འཆང་ཆེན་པོས་གསུངས།། ཞུ་བ་ཕོ་དགའ་ར་བ་རྡོ་རྗེས་ཞུས་ནས། བསྐལ་ལྡན་འགའ་ཐུང་ལ་བརྒྱུད་དོ།། པད་མ་འཁྱིལ་པའི་བརྒྱུད་ལས།
iiif viewer powered by OpenSeadragon
28a - 29a