| | e-texts navigator
|
28a1 པའོ།། འཁྲུལ་གཞི་བརྩད་ནས་བཅད་པ་དང་།། འཁྲུལ་པ་གཞི་ལ་བཟློག་པ་དང་། སངས་རྒྱས་པ་དུས་མཉམ་མོ།། ཆོས་ཉིད་མ་དང་ཕྲད་པའི་དུས་དང་།། རྡོ་རྗེ་སེམས་དཔའ་རང་དབང་ཐོབ
28a2 པའི་དུས་དང་།། ཡེ་ཤེས་རང་ས་ཟིན་པའི་དུས་སོ།། ཞེས་རིན་པོ་ཆེ་གྲ་བའི་དགོངས་པ་མིག་མངས་རིས་ཞེས་བྱ་བ་གསུངས་པའོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་རིན་པོ་ཆེ་གཏེར་གྱི་འབྱུང་གནས་ཞེས
28a3 བྱ་བ་གང་ཟག་ལམ་གྱི་ཆ་རྐྱེན་འདི་གསུངས་སོ།། རྫོགས་པ་ཆེན་པོ་ཕྱིན་ཅི་མ་ལོག་པའི་མན་ངག་མངོན་དུ་ཕྱུང་པ་འདི་ལ་ལྔ་སྟེ།། ཆོས་ཉིད་བྱང་ཆུབ་སེམས་ལས་འཁྲུལ་པ་འབྱུང་བའི་ཚུལ་བསྟན་པ་དང་།། དེ་གང་ལ་བརྟག།
28a4 ཏེ་བྱུང་བར་བསྟན་པ་དང་། བརྟགས་ནས་ངེས་པའི་དོན་ལ་སྒོམ་པ་བསྟན་པ་དང་།། རང་བྱུང་ཡིས་མངོན་དུ་ཤར་བའི་དུས་བསྟན་པ་དང་།། དབུ་མ་སེམས་ཙམ་གྱི་གོལ་ས་གཅད་ཅིང་རྒོལ་བ་ཕྱིར་རྒོལ་གྱི་ཐེ་ཚོམ་གཅད
28a5 པར་བསྟན་པའོ།། དེ་ལ་ཡང་གསུམ་ཏེ།། དང་པོ་དངོས་པོའི་གནས་ལུགས་བསྟན་ཏོ།། བར་དུ་གཟུགས་འཛིན་གྱི་འཁྲུལ་པ་བསྟན་ཏོ།། ཐ་མར་འབྲས་བུ་ཐོབ་པའི་དུས་བསྟན་ཏོ།། མན་ངག་གསུམ་ཏེ།
28a6 རྒྱལ་པོ་གདུང་མི་འགྱུར་བའི་ལྟ་བས་ཡིད་ཆེས་བསྐྱེད།། འཁོར་བ་ཐོག་མཐའ་གཅོད་པའི་མན་ངག་གིས་གཟེར་གདབ།། ཕྱིར་མི་བཟློག་པའི་སྙིང་པོ་སེམས་ཀྱི་འབྲས་བུར་གནས།། འདི་ལ་གོལ་ས་གསྥོ་ཏེ།
28a7 ལྟ་བའི་གོལ་ས་དང་། མན་ངག་གི་གོལ་ས་དང་།། འབྲས་བུའི་གོལ་སའོ།། འདི་ལ་སྒོམ་པའི་ཐབས་ཀྱི་སྒོ་པ་ནི་གསུམ་ཏེ།། ཀུན་བཟངས་དང་ལ་གནས་པས་ངང་ཀུན་ཏུ་བཟང་པོ། མཁའ་དབྱིངས
iiif viewer powered by OpenSeadragon
27b - 28b